ཉེ་སྔོན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཉིན་ལམ་སློབ་ཆུང་གིས་རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་པ་དང་། ན་གཞོན་གྱིས་རྒྱང་སྐྱོད་གསར་པའི་རྒྱུན་སྐྱོང་དགོས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྲེང་བསྟར་བྱེད་སྒོ་སྤེལ་ནས། ཉན་སྤྲོ་བའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཅིག་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་བྱིས་པའི་སེམས་སུ་འཇགས་པར་བྱས།
ནངས་སྔ་མོ་ནས། བརྗོད་དོན་བྱེད་སྒོ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། སློབ་གྲོགས་ཚོས་རྒྱང་སྐྱོད་བརྗོད་དོན་དུ་བྱས་པའི་རྟེན་མཛོད་ཁང་ཆུང་ཆུང་བཀོད་སྒྲིག་བྱས་པ་དང་། རྒྱང་སྐྱོད་བརྗོད་དོན་གཙོ་བོར་བྱས་པའི་ཁྱད་ལྡན་ལུས་རྩལ་སློབ་ཁྲིད་དང་རོལ་མོའི་སློབ་ཁྲིད་ལ་ཞུགས་ནས། བྱེད་སྒོའི་ཁྲོད་རྒྱང་སྐྱོད་ཀྱི་སྙིང་སྟོབས་མྱོང་རོལ་བྱས།
བརྗོད་དོན་བྱེད་སྒོ་ཐེངས་གཅིག་དང་། དོན་སྙིང་ལྡན་པའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་གཅིག་ལ་བརྟེན་ནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཉིན་ལམ་སློབ་ཆུང་གིས་གསར་བརྗེའི་སློབ་གསོ་དེ་སློབ་རའི་འཚོ་བའི་ཁྲོད་འདྲེས་པར་བྱས་ཏེ། མཐོང་ཐུབ་པ་དང་མྱོང་ཐུབ་པ་དང་། དངོས་ཞུགས་ཐུབ་པ་བཅས་ཀྱི་མྱོང་ཚོར་ཁྲོད་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་བ་ཇེ་ཟབ་ཏུ་བཏང་།