ཟླ10པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ལ། དེང་སྐབས་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ90འཁོར་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཆེན་པོ་གཏོང་བ་དང་། དེའི་ཁྲོད་ནས་བློ་དཀར་གྱི་སྟོབས་ཤུགས་དང་བདེན་དོན་གྱི་སྟོབས་ཤུགས། དྲང་བདེན་གྱི་སྟོབས་ཤུགས། མཐུན་སྒྲིལ་གྱི་སྟོབས་ཤུགས་བཅས་བསྡུ་ལེན་བྱེད་པ། རྒྱུན་ཆད་མེད་པར་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་ཇེ་མཐོར་གཏོང་བ། རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་ལེགས་པོར་བསྐྱོད་པ་བཅས་བྱས་ཏེ། གོམ་སྟབས་རེ་རེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རླབས་ཆེན་འཆད་འགོད་གནང་བ་དེ་མཛེས་སྡུག་གི་དོན་དངོས་སུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ཚད་རིམ7.0གི་ས་ཡོམ་བྱུང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཚད་མཐའི་བསམ་ཕྱོགས་བརྟན་པོ་ཆགས་པར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་མཚེས་ཁུལ་དང་རྫོང་ལ་དམ་པོར་དམིགས་ནས་སྔོན་བརྡའི་ལྟ་ཞིབ་ཚད་ལེན་དང་ས་ཡོམ་གནས་ཚུལ་དཔྱད་ཞིབ། ཡོམ་འཕྲོར་འགོག་ཟོན་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་གང་ལེགས་བྱེད་པ། འཕྲལ་བསྟུན་རོགས་སྐྱོབ་དང་གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་བ་བཅས་བྱས་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། བློ་མཐུན་ལུའོ་ཏུང་ཁྲོན་འཛིན་གཙོ་ཡིན་པའི་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག འཆར་འགོད་གཅིག་ལག་ལེན་མཐར་ཕྱིན་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་དམ་འཛིན་བྱེད་པ། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་བཅས་བྱས་ཏེ། འགུལ་སྐྱོད་པ་དང་དངོས་སྒྲུབ་པ་ལེགས་པོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བཟང་བོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་ཐོན་ལས་གནས་བཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་གློག་མཐུན་སྦྱོར་གཏིང་ཟབ་ཏུ་སྤེལ་བ། སྔོན་ཐོན་བཟོ་སྐྲུན་ལས་རིགས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ། དྲ་བ་དྲུག་གི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་གསར་ཕྱོགས་དང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བརྩེ་སེམས་ལྡན་པའི་སྒོ་ནས་དམངས་འཚོའི་དོན་དངོས་ལེགས་པོར་བསྒྲུབ་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཁྲིམས་བསྟར་སྲིད་འཛིན་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་སྒོས་ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་བྱ་བར་སྐུལ་འདེད་དང་གནད་དོན་ཐག་གཅོད་པ། རང་འགུལ་ངང་ཕྱོགས་སོ་སོའི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། སྲིད་གཞུང་གི་བཅོས་སྐྱོང་ཕན་ནུས་རྒྱུན་མཐུད་ངང་ཇེ་མཐོར་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། བྱེད་པོའི་འགན་འཁྲི་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་མོ་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་ཡིད་ཚིམས་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་བཅས་འཛུགས་སྐྲུན་བྱེད་དགོས།
གྲོས་ཚོགས་ལས་དུས་ཚིགས་བཞི་པའི་དཔལ་འབྱོར་འཁོར་རྒྱུག་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་འགན་སྲུང་། བདེ་འཇགས་གཏན་འཇགས་སོགས་བྱ་བ་གཙོ་བོ་གཅིག་འདོམས་སྒོས་དམ་འཛིན་ལེགས་པོ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོར་རྩོམ་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།