ཟླ10ཚེས23ཉིན་ནི“རྒྱལ་སྤྱིའི་གསའ་ཡི་ཉིན་མོ་ཐེངས14པ་ཡིན། མཚོ་སྔོན་ཞིང་ཆེན་གྱི“རྒྱལ་སྤྱིའི་གསའ་ཡི་ཉིན་མོའི”དྲིལ་སྒྲོག་ཚོགས་ར་གཙོ་བོའི་བྱེད་སྒོ་ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་དུ་སྤེལ།
བྱེད་སྒོའི་ཁྲོད། མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་ལས་བྱེད་མི་སྣས་གསའ“ལིང་ཧྲི་ཁྱིམ་རྒྱུད”ཀྱི་མྱུར་སྐྱོབ་གཏམ་རྒྱུད་བཤད་དེ། ལས་ཡུལ་དང་པོའི་མྱུར་སྐྱོབ་ཉམས་མྱོང་དེ་ལག་ལེན་དངོས་ཀྱི་ཚན་རིག་ཁྱབ་གདལ་གྱི་ནང་དོན་དུ་བསྒྱུར་བ་དང་། གཞོན་ནུ་ལོ་ཆུང་དང་གྲོང་མི་ཚོར་གསའ་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་། ཡུལ་དངོས་སུ་ད་དུང་གསའ་ཡི་རིག་གནས་གསར་རྩོམ་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས། མཚོ་སྔོན་གྱི་གཙག་དྲུབ་དང་བླ་ཤིང་སོགས་ཀྱི་གཞི་རྒྱུ་འདྲེས་པའི་གསའ་ཡི་རྩེད་ཆས་སྣ་ཚོགས་སྙིང་རྗེ་བོ་འདུག་ལ། ནོར་འགུག་གསའ་སོགས་ཐོན་རྫས་ཀྱི་མིང་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་རབ་ཏུ་བཀུག