ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་ཀའོ་ཅིང་ཀུང་སིའི་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་བདུན་ལ་སླེབས་པ་དང་ཞིང་ཆེན་ཡོངས་ཀྱི་འོད་བརྟེན་ཐོན་རྫས་ཕྱིར་གཏོང་བསྡོམས་འབོར་གྱིས་73%ཟིན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་ཀའོ་ཅིང་ཀུང་སིའི་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་བདུན་ལ་སླེབས་པ་དང་ཞིང་ཆེན་ཡོངས་ཀྱི་འོད་བརྟེན་ཐོན་རྫས་ཕྱིར་གཏོང་བསྡོམས་འབོར་གྱིས་73%ཟིན།

མཚོ་སྔོན་ཀའོ་ཅིང་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་སིའི་ཟླ་དང་པོ་ནས་བརྒྱད་པའི་བར་གྱི་འོད་བརྟེན་ཐོན་རྫས་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་བདུན་ལ་སླེབས་པ་དང་དེ་དུས་མཉམ་ལས148%འཕར་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་སྐུལ་ཁྲིད་ནུས་པ་མངོན་གསལ་ཡིན་པས་ཞིང་ཆེན་ཡོངས་ཀྱི་འོད་བརྟེན་ཐོན་རྫས་ཕྱིར་གཏོང་བསྡོམས་འབོར་གྱི73%ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་འོད་བརྟེན་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོར་གཏོང་དང་ཤོང་ཚད་ཆེ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ“མཚོ་སྔོན་རྟགས་ཅན”གྱི་ནུས་ཁུངས་གསར་པའི་ཐོན་རྫས་གོ་ལ་ཧྲིལ་པོའི་ནུས་ཁུངས་ཁྲོམ་རར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་རམ་འདེགས་བྱས་ཡོད།

ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་འོད་བརྟེན་ཐོན་ལས་སྦྲེལ་ཐག་གི་རྐང་འཛིན་ཁེ་ལས་ཡིན་པའི་ངོས་ནས། མཚོ་སྔོན་ཀའོ་ཅིང་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་སིས་ལོ་རེར་ཅི་ཝ30ཡི་ཤེལ་གཟུགས་རྐྱང་པའི་སྭེལ་དབྱུག་ཐོན་ནུས་ཐོན་པར་བྱས་ཤིང་། Nདབྱིབས་སྔོན་ཐོན་གྱི་ཚད་ཆེ་བའི་སྭེལ་ལྷེབ་ལྟེ་བའི་ལག་རྩལ་ལྡན་ལ།  ལས་རིགས་ཀྱི་སྐས་རིམ་དང་པོར་གནས་ཐུབ་ཡོད། ཁེ་ལས་ཀྱིས་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་རར་མུ་མཐུད་རྐང་ཚུགས་ནས། ཐོན་ནུས་ཕྱིར་གཏོང་འདང་བ་དང་ཕྱིར་གཏོང་བྱེད་ཤུགས་ཆེ་བ་ནི་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་པའི་ཕྱི་ཕྱོགས་ཚོང་དོན་ལྡོག་འཕར་གྱི་ལྟེ་བའི་འདེགས་སྐྱོར་སྟོབས་ཤུགས་ཤིག་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།