ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས།  མི་འབོར་དང་དཔལ་འབྱོར།  སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་གཅིག་གྱུར་འཆར་འགོད་བྱས་ཏེ།  རྒྱལ་ཡོངས་ཞབས་ཞུའི་ལས་རིགས་ཀྱི་ཚོགས་ཆེན་བཀོད་སྒྲིག་དང་དོན་འཁྱོལ་གནས་ཚུལ་གྱི་སྙན་ཞུར་ཉན།

ཚོགས་འདུའི་སྟེང་བསྟན་དོན།  མི་འབོར་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཆ་རྐྱེན་ཡིན་པས།  མི་འབོར་དང་དཔལ་འབྱོར་སྤྱི་ཚོགས། ཐོན་ཁུངས་ཁོར་ཡུག་བཅས་བར་གྱི་འབྲེལ་བ་སྔར་ལས་ལྷག་པར་གཅིག་གྱུར་འཆར་འགོད་བྱ་དགོས་ལ།  འབྲེལ་ཡོད་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།  མི་འབོར་གྱི་ཕྱོགས་བསྡུས་ཁེ་ཕན་རྒྱུན་མཐུད་ངང་གསོག་འཇོག་དང་གློད་གྲོལ་གཏོང་བ།  མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྔར་ལས་ལེགས་པའི་སྒོ་ནས་འདེགས་སྐྱོར་བྱས།  མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་སྔར་ལས་འབུར་ཐོན་དུ་ཐོན་པར་བྱེད་པ་དང་།  མི་འབོར་གྱི་ཚན་རིག་རིག་གནས་དང་ལས་རིགས་རྩལ་ནུས།  ལུས་ཁམས་བདེ་ཐང་སོགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།  དམངས་ཡོངས་ཀྱི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་ལམ་སྲོལ་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་བ་དང་།  རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་སྤེལ་བ།  སློབ་གསོ་དང་གསོ་སྦྱོང་།  ཐོན་ལས་འཕེལ་རྒྱས་བཅས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས།  སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་དགོས།  ཁུལ་ཁོངས་ཀྱི་མི་འབོར་འཕེལ་རྒྱས་ལ་རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འབོར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ།  གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་བརྟན་འཇགས་ངང་སྐུལ་འདེད་གཏོང་བ་དང་།  མི་འབོར་ཁྱབ་ཚུལ་གྱི་གནས་ཚུལ་ལ་གཞིགས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ།  སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དང་རྒྱུན་སྡོད་མི་འབོར་གྱི་འགྱུར་ལྡོག་འགུལ་རྣམ་དང་འཚམ་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།  མགྱོགས་མྱུར་སྒོས་ལུས་ཁམས་གསོ་སྐྱོང་ལ་འཕྲོད་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་།  རྒྱུན་མཐུད་ངང་གཉེན་སྒྲིག་དང་བུ་བཙའ།  གསོ་སྐྱོང་།  སློབ་གསོ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་།  ཁྱིམ་ཚང་གི་ནོར་ཁྲལ་དང་སྤྱི་ཚོགས་འགན་སྲུང་།  སྡོད་ཁང་སོགས་སུ་ཁ་ཕྱོགས་པའི་རྒྱབ་སྐྱོར་བྱེད་ཐབས་ཇེ་ལེགས་སུ་གཏོང་དགོས་ཤིང་།  གསར་སྐྱེས་མི་འབོར་གྱི་གཞི་ཁྱོན་བརྟན་པོ་ཡོང་བར་འབད་བརྩོན་བྱ་དགོས།

གྲོས་ཚོགས་ལས་བསྟན་དོན། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་སྔར་ལས་འདོན་སྤེལ་བྱས་ཏེ།ཞབས་ཞུའི་ལས་རིགས་ཀྱི་ནུས་ཤུགས་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞབས་ཞུའི་ལས་རིགས་ཀྱི་བག་ཤུགས་དེ་གོང་འཕེལ་གྱི་སྒུལ་ཤུགས་སུ་བསྒྱུར་དགོས། ཞབས་ཞུའི་ལས་རིགས་གོང་འཕེལ་འགྲོ་བའི་དཀའ་གནད་སེལ་ཐབས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་སྐྱེད་འཚོ་བའི་ཁྱབ་ཁོངས་གཙོ་བོར་དམིགས་ཏེ་ལས་རིགས་སོ་སོར་སྲིད་ཇུས་ལག་བསྟར་བྱེད་པ་དང་།མ་དངུལ་བསྡུ་རུབ་དང་ས་ཆ་སྤྱོད་པ། ཤེས་ལྡན་མི་སྣ་སོགས་ཐད་ཀྱི་རོགས་སྐྱོར་ཤུགས་ཆེར་གཏོང་བ།སྤྱི་ཕན་བྱ་གཞག་གི་རིན་གོང་སྒྱུར་བཅོས་བརྟན་པོར་སྤེལ་བ་བཅས་བྱ་དགོས་པ་མ་ཟད། བེད་མེད་དུ་ལུས་པའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པར་ཤུགས་སྣོན་རྒྱག་དགོས།རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་བླང་བྱ་ལྟར། ཁྲོམ་རར་ཞུགས་ཆོག་པའི་བཀག་རྒྱ་མུ་མཐུད་མེད་པར་བཟོ་བ་དང་།དམངས་ཁྲོད་དངུལ་གཏོང་གི་འགོག་རྐྱེན་གཙང་བཤེར་བྱེད་པ། ལས་རྣམ་གསར་པ་དང་མཐུན་པའི་ལྟ་སྐུལ་དོ་དམ་བྱེད་སྟངས་གང་མགྱོགས་ཀྱིས་འཛུགས་པ་བཅས་བྱ་དགོས།ཕྱོགས་སོ་སོའི་ཞབས་ཞུའི་ལས་རིགས་གོང་སྤེལ་གཏོང་བའི་བརྩོན་སེམས་ལ་སྐུལ་སློང་གང་ལེགས་བྱེད་པ་དང་།རིགས་དབྱེ་མཛུབ་ཁྲིད་དང་མཐུན་སྦྱོར་ལྟ་ཞིབ་ནན་མོ་བྱེད་པ། སྲིད་ཇུས་ཀྱི་དམིགས་ཡུལ་རང་བཞིན་དང་ཕན་ནུས་ཇེ་ཆེར་གཏོང་བ།ཆ་རྐྱེན་འཛོམས་པའི་ས་གནས་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་མ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཞབས་ཞུ་གསར་གཏོད་ངང་འཕེལ་ལམ་འཚོལ་ཞིབ་ཧུར་ཐག་བྱ་དགོས།ཞབས་ཞུའི་ལས་རིགས་ལ་མ་རྩ་འཇོག་ཤུགས་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་པར་སྐུལ་མ་གཏོང་བ་དང་། ཁེ་ལས་གཙོ་བོ་དང་ཁྱད་ཆོས་ལྡན་པའི་ཚོང་རྟགས་གསོ་སྐྱོང་བྱ་དགོས། སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་ལས་རིགས་གོང་འཕེལ་འགྲོ་བར་འཚམ་པའི་བསྡོམས་རྩིས་བརྟག་དཔྱད་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་།གོང་འོག་མཉམ་འགུལ་གྱིས་མཉམ་དུ་དམ་འཛིན་བྱེད་པའི་བྱ་བའི་རྣམ་པ་སྲ་བརྟན་དུ་གཏོང་དགོས།

གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།