མདའ་བཞི་རྫོང་གིས་སྤུས་ལེགས་ཞོག་ཁོག་གི་སྟོན་འབྲས་བླངས་ནས་དམངས་ཕྱུག་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​འབྲས་བུ་སྨིན་པའི་སྟོན་དུས་སུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་ལོ་ལེགས་བསྡུ་འགོ་བརྩམས་ཤིང་།   རྫོང་ཡོངས་ཀྱི་གཟན་རྩྭ་བརྔ་བསྡུ་གསོག་འཇོག་བྱ་བ་ཡང་མཉམ་དུ་སྤེལ་བཞིན་ཡོད་པས་གང་སར་འབྲུ་རིགས་བསྡུ་ལེན་དང་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་མངོན། 

གསེར་ཐང་ཡུལ་ཚོ་ཡུའེ་ཧྥུང་སྡེ་བ་དང་མཁར་ཟུར་གསུམ་སྡེ་བར་ཞོག་ཁོག་གི་སྤུས་ལེགས་པ་དང་ཐོན་འབབ་ལེགས་པོ་བྱུང་ཡོད་ལ། ལྗང་མདོག་འདེབས་འཛུགས་བྱེད་སྟངས་སྤྱད་པའི་ཞོག་ཁོག་གཅིག་བསྡུས་ཀྱིས་བསྡུས་རྗེས་སྡེ་ཁུལ་གྱི་བདེ་སྐྱིད་ཟ་ཁང་ལ་མཁོ་སྤྲོད་བྱས་ནས། ཟ་ཁང་གི་ཉོ་སྒྲུབ་འགྲོ་གྲོན་དམའ་རུ་གཏོང་བ་དང་རྒན་རྒོན་ཚོའི་ཟས་རིགས་བདེ་འཇགས་ལ་འགན་ལེན་བྱས་ཤིང་།  དཔལ་འབྱོར་གྱི་ཡོང་འབབ་དངོས་མི་དམངས་ཀྱི་འཚོ་བའི་ཐད་སྤྱོད་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱུང་།  དུས་མཚུངས་སུ་རྫོང་ཡོངས་སུ་གཟན་རྩྭ་བྲེག་ནས་བསྡམས་པའི་ལས་ཀ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་དེས་ནོར་གནག་དང་བོད་ལུག་གི་དགུན་དཔྱིད་དུས་ཀྱི་གཟན་རྩྭ་མཁོ་འདོན་ལ་འགན་ལེན་བྱས།  

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།