ཞིང་ཆེན་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་བཀོད་གཏོང་ཚོགས་འདུ་ཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས22ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་བཀོད་གཏོང་ཚོགས་འདུ་ཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་སྤེལ་བྱས་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་དང་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ། སྤྱོད་ཚུལ་ནན་མོ་དར་སྤེལ་གཏོང་བ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་དོན་ལྡན་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་ཆེད“ཞིང་གསུམ”གྱི་རྨང་གཞི་བརྟན་པོ་བཏིངས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ལིའུ་ཆི་ཧྥན་གྱིས་ཚོགས་འདུ་ལ་འགོ་འཛིན་བྱས་པ་དང་། ཀྲང་ཅིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བཞིན་པའི་གནས་ཚུལ་སྐོར་ནས་བརྡ་ཁྱབ་བཏང་བ་དང་། ཀྲུའུ་ཤང་ཧྥུན་དང་ཚའོ་ཅུན་ཚོགས་འདུར་ཞུགས། ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། མཚོ་བྱང་ཁུལ། ཐུན་རིན་གྲོང་ཁྱེར་བཅས་ཀྱིས་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་ལ་མཐོང་ཆེན་གང་ལེགས་གནང་ནས། དེ་འབྲེལ་གྱི་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རོགས་སྐྱོར་ལས་དོན་དེ་རྒྱུན་རྣམ་ཅན་གྱི་དུས་རིམ་གསར་པར་སླེབས་རྒྱུར་མཛུབ་སྟོན་གནང་ཡོད།  ད་ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་སྤེལ་བའི་ལོ་ཐོག་མ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། མཆན་བཀོད་མཛུབ་སྟོན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་སྟེང་དུ་གཅིག་གྱུར་དོན་ལྡན་ཡོང་བར་བྱས་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་སོ་སོ་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་འགོ་ཡག་པོ་རྩོམ་ཐུབ་པར་འགན་ལེན་བྱེད་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཡང་བསྐྱར་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གནད་འཁེལ་ཡོང་བར་དམ་འཛིན་ཡག་པོ་བྱས་ཏེ། རོགས་སྐྱོར་བྱ་ཡུལ་གྱི་འགུལ་རྣམ་དོ་དམ་ལ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ལྟ་ཞིབ་ཚད་ལེན་བྱེད་སྟངས་ཇེ་ལེགས་སུ་བཏང་ནས། བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་པར་འགན་ལེན་ནན་མོ་བྱེད་དགོས། ཐོན་ལས་རོགས་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་རྒྱུན་མཐུད་ངང་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ། ཐོན་ལས་ཀྱིས་ཞིང་འབྲེལ་ཞིང་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། “ཁག་གཅིག་ཅན་བཞི”ཡི་བླང་བྱ་དོན་འཁྱོལ་བཅས་བྱས་ནས། ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། ལས་ཞུགས་བརྟན་གཏོང་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས། “སྦྲང་ཆར་འཆར་གཞིའི”མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་སྐྱོར་ཡག་པོ་སྒྲུབ་དགོས། རོགས་སྐྱོར་མ་དངུལ་ལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཚད་ལྡན་དང་ཕྱི་གསལ་ནང་གསལ་གྱི་མུ་ཕྲེང་ཧྲིལ་བོའི་མ་དངུལ་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྣམ་གྲངས་འཆར་འགོད་དང་གསོག་འཇོག་ལ་ཤུགས་སྣོན་པ་བཅས་བྱས་ཏེ། དགེ་མཚན་ཅུང་མངོན་གསལ་ལྡན་ཞིང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བའི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གང་ལེགས་གཏོང་དགོས། ནུས་ཤུགས་གཅིག་སྡུད་ཀྱིས་གཙོ་གནད་ས་ཁོངས་ཀྱི་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་རོགས་སྐྱོར་རྫོང་གི་གཟིགས་སྐྱོང་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་གནད་ལ་འཁེལ་བ་ཡོང་བར་ཁག་ཐེག་བྱེད་པ། བྱེད་ཐབས་མང་པོ་མཉམ་སྤྱོད་བྱས་ནས་ཡུལ་གཞན་དུ་གནས་སྤོར་བྱེད་པའི་རྗེས་མཐུད་རོགས་སྐྱོར་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་སྒོས་མང་ཚོགས་ཀྱིས་ཚོར་པའི་དོན་དངོས་སྐོར་ཞིག་འགྲུབ་དགོས། རོགས་སྐྱོར་རོགས་ལས་ཀྱི་ཕན་ནུས་རྒྱུན་མཐུད་ངང་ཟབ་སྤེལ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ཤར་ནུབ་རྒྱུད་རོགས་ལས་ལ་སྐུལ་འདེད་གཏོང་བ། གནས་གཏན་འཁེལ་གྱི་རོགས་སྐྱོར་ཟམ་མི་ཆད་པར་ཟབ་སྤེལ་གཏོང་བ། སྡེ་བ་རུ་སྡོད་པའི་རོགས་སྐྱོར་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་རོགས་སྐྱོར་གསར་གཏོད་དང་རྒྱ་སྐྱེད་གཏོང་བ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།

ཚོགས་འདུ་ལས། ས་གནས་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་འགན་འཁྲི་རྒྱུན་མཐུད་ངང་དམ་པོར་འཁུར་བ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། གནད་དོན་གྱི་ཁྲིད་སྟོན་དང་དམིགས་འབེན་གྱི་ཁྲིད་སྟོན་ཕན་ཚུན་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱེད་པ། གནད་དོན་ཤེས་རྟོགས་བྱུང་བའི་དག་ཐེར་ལེགས་བཅོས་མཁྲེགས་གཏོར་ལ་ཤུགས་སྣོན་པ། མཛུབ་སྟོན་རྒྱབ་སྐྱོར་དང་གཅིག་གྱུར་འཆར་འགོད་མཉམ་འགུལ་ལ་ཤུགས་སྣོན་པ། ཆ་འཕྲིན་མཉམ་སྤྱོད་དང་གྲོས་མོལ་ཞིབ་གཅོད། མཉམ་འབྲེལ་ལྟ་སྐུལ་མཛུབ་སྟོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ། རྣམ་གྲངས་ལག་བསྟར། མ་དངུལ་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རོགས་སྐྱོར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མངོན་སུམ་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་གྱི་དམག་འཐབ་དང་པོ་སྟོབས་ཤུགས་གཅིག་སྡུད་སྒོས་རྒྱལ་ཁ་ལེན་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་བརྙན་ལམ་ནས་བསྡུས་པ་དང་། ཞིང་ཆེན་ནས་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང(ཁུལ) རྫོང( གྲོང་ཁྱེར། ཆུས)བཅས་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།