བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་གི་ས་ཡོམ་ཁྲོད་མི16རྐྱེན་ལམ་དུ་ཤོར་བ་དང་མི46ལ་རྨས་ཕོག་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ10པའི་ཚེས22ཉིན་གྱི་ཆུ་ཚོད22དང་སྐར་མ33ཙམ་ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང(བྱང་གི་འཕྲེད་ཐིག་ཏུའུ32.40དང་ཤར་གྱི་གཞུང་ཐིག་ཏུའུ93.79)དུ་ས་ཡོམ་རིམ་པ7.0བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི10ཟིན་ཡོད།

གསར་འགོད་པས་ནག་ཆུ་གྲོང་ཁྱེར་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད་5དང་སྐར་མ20བར། ལེབ་བཤེར་དང་བསྡོམས་རྩིས་བྱས་པ་བརྒྱུད། ས་ཡོམ་ཁྲོད་ཁྱོན་མི16རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི46ལ་རྨས་སྐྱོན་ཕོག དེའི་ཁྲོད། རྨས་སྐྱོན་ཚབས་ཆེན་ཕོག་པ11དང་། ཆུང་གྲས་ཕོག་པ35ཡོད། སྡོད་ཁང་བརྡིབས་པ་དང་སྐྱོན་ཕོག་པའི་དུད་ཚང339དང་། ཕྱུགས་ར20ལ་གཏོར་སྐྱོན་ཕོག་འདུག

ད་ལྟ་གེགས་སྐྱོབ་དངོས་ཟོག་གནོད་འཚེ་ཕོག་ཁུལ་དུ་འབྱོར་དང་འབྱོར་མུས་ཡིན་པ་དང་། ཕྱོགས་སོ་སོའི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་སོགས་ཡོམ་འགོག་གེགས་སེལ་ལས་དོན་ཁག་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།