རྐང་གྲུག་གཅིག་གིས་ལེ་བར་སྟོང་གི་བློ་སེམས་གཅིག་ཏུ་བསྒྲིལ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྟོན་ཟླ་བཅུ་པར་འབྲས་བུ་གཡུར་དུ་ཟ།  ལྗང་མདོག་འགྲན་རར་སྤྲོ་སེམས་རབ་ཏུ་རྒྱས།  དུས་ཡུན་ཉིན་གཉིས་ཀྱི“མཚོ་སྔོན་རོགས་སྐྱོར་བུམ་པའི”རྐང་གྲུག་གདན་ཞུའི་འགྲན་སྡུར་གྱི་འགྲན་སྡུར་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། འགྲན་སྡུར་འདི་ནི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཤར་ནུབ་རོགས་ལས་གཏིང་ཟབ་ཏུ་སྤེལ་བའི་གསར་གཏོད་ཀྱི་གཞི་རྟེན་ཞིག་ཡིན་ལ།  ལུས་རྩལ་སྟེགས་བུར་བརྟེན་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ།  རི་ཀླུང་ཀུན་ཏུ་སྦྲེལ་ནས་བློ་སེམས་གཅིག་གི་གཏམ་རྒྱུད་འབྲི་བའི་མཛའ་བཤེས་ཀྱི་ལེའུ་མུ་མཐུད་དུ་བྲིས། 

“མཚོ་སྔོན་རོགས་སྐྱོར་བུམ་པའི”རྐང་གྲུག་གདན་ཞུའི་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་འགོ་མ་བརྩམས་སྔོན།  མཚོ་སྔོན་པོའི་རླབས་ཕྲེང་གི་སྐྱེས་མའི་རྐང་གྲུག་གི་རུ་མི་དང་རྐང་གྲུག་རྩེ་མཁན་གྱི་གྲགས་ཅན་མི་སྣ་མཉམ་བསྲེས་ཚན་ཆུང་གིས་ངོ་མཚར་གྱི་འཁྲབ་སྟོན་འགྲན་སྡུར་ཞིག་བྱས། རུ་མི་རྣམས་ཀྱི་འདུག་གནས་གོ་རིམ་ལྡན་ལ། རྐང་གྲུག་རྒྱག་མཚམས་འཇོག་པ་དང་བརྒྱུད་སྤྲོད་བཅས་གོ་རིམ་ལྡན་པ་དང་། ཕན་ཚུན་འདེགས་སྐྱོར་འོས་ཤིང་འཚམ།   ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྡེ་ཁག་མང་པོར་མཉམ་འབྲེལ་སྒོས་སྒྲུབ་པའི་རུ་ཁག་འདི་ནི།   བོད་རིགས་དང་རྒྱ་རིགས། སོག་རིགས། ཧོས་རིགས་བཅས་ཀྱི་ན་གཞོན་བཅས་འདུས་ཡོད།  རྒྱལ་ཡོངས་ཀྱི་འགྲན་རར་ཐེངས་མང་ཞུགས་པ་དང་གྲུབ་འབྲས་བཟང་པོ་ཐོབ་མྱོང་།  རྐང་གྲུག་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི“སེ་འབྲུའི”བརྩེ་བ་གཏོར་བཞིན་ཡོད།   ཡུལ་དངོས་ནས་ཀྲུང་གོའི་སྐྱེས་མའི་རྐང་གྲུག་རུ་མི་ལིའུ་དབྱང་ལ“མཚོ་སྔོན་པོའི་རླབས་ཕྲེང་གི་ན་གཞོན་རྐང་གྲུག་སྤྱི་ཕན་ཁྱབ་བསྒྲགས་མཁན”ཞེས་པའི་གདན་ཞུའི་ཡི་གེ་སྤྲད་པ་དང་།  ནམ་ཡང་འདོར་མེད་དང་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས།  རྐང་གྲུག་གི་ཕུགས་འདུན་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རྒྱུན་མི་ཆད་པར་བྱེད་དགོས།

ཤན་འབྱེད་པ་གཙོ་བོས་འབུད་བརྡ་གཅིག་བརྒྱབ་པ་དང་སྦྲགས་སྐབས་འདིའི“མཚོ་སྔོན་རོགས་སྐྱོར་བུམ་པའི”ཨང་དང་པོ་དང་ཨང་གཉིས་པའི་རྟིང་རྩོད་འགྲན་སྡུར་དངོས་སུ་འགོ་བརྩམས།  ཧྲན་ཏུང་ལེའོ་ཁྲེང་རུ་ཁག་དང་ཀྲེ་ཅང་ཐའེ་ཀྲོའུ་རུ་ཁག་གིས་ཛ་དྲག་གི་འགྲན་སྡུར་བྱས།  འགྲན་རའི་ནང་རྐང་གྲུག་རྒྱག་མཁན་ཤུགས་ཀྱིས་རྒྱུག་ཞོར་དང་འཕྲོད་རྩོད་ཛ་དྲག་ཆེ་བ་དང་།   གང་ལེགས་སྒོས་བརྒྱུད་སྤྲོད་བྱེད་པ།  ལམ་མཚམས་ཐོད་བརྒལ།  རྒོལ་འགོག་བརྗེ་སྒྱུར་བཅས་བྱས་ཏེ་ལྟད་མོ་བའི་ངར་ཤུགས་འགྲན་ར་ཡོངས་སུ་ཁྱབ།

ཉིན་གཉིས་རིང་གི་ཛ་དྲག་འགྲན་སྡུར་བརྒྱུད། ཧྲན་ཏུང་ལེའོ་ཁྲིན་རུ་ཁག་གིས་ཨང་དང་པོ་བླངས།  ཀྲེ་ཅང་ཐའེ་ཀྲོའུ་རུ་ཁག་ལ་ཨང་གཉིས་པ་ཐོབ། མཚོ་སྔོན་མཚོ་ཤར་ཐེན་ཡིའུ་ཏི་རུ་ཁག་དང་ཅང་སུའུ་ཞུས་ཀྲོའུ་རུ་ཁག་ལ་ཨང་གསུམ་པ་ཐོབ། ས་གནས་བཞིའི་འགྲན་ཞུགས་པས་རྐང་གྲུག་གཞི་རྟེན་དུ་བྱས་ཏེ། རྩལ་འགྲན་བགྲོ་གླེང་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཛའ་འབྲེལ་གླེང་།

རྐང་གྲུག་འགྲན་སྡུར་ལས་ལང་ཚོ་ལ་བརྟེན་ནས་རི་ཆུར་སྦྲེལ་ཟམ་བཙུགས་པ་དང་།   ལེ་བར་སྟོང་གི་ས་ལ་ལག་གདང་སྦྲེལ་ནས།  ཕན་ཚུན་རོགས་རམ་དང་ཕྱར་བ་གྲུ་འདེགས་ཀྱི་མཚོ་སྔོན་སྐྱོར་བའི་བརྩེ་སེམས་དེ་འགྲན་རའི་སྤེལ་རེས་ཁྲོད་གསོན་ཤུགས་ལྷག་ཏུ་འཕེལ།   མི་རིགས་ཁག་གི་བརྩེ་བ་མཉམ་འདྲེས་དང་བློ་སེམས་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱེད་པའི་མཐུན་སྒྲིལ་གྱི་མེ་ཏོག་སྟོན་ཁའི་རྨ་ཙོང་ས་གཞི་ཆེན་མོར་རྩ་བ་ཚུགས་པར་བྱེད་དགོས། 

མཚོ་སྔོན་རོགས་སྐྱོར་ལས་བྱེད་པ།  རྨ་ལྷོ་ཁུལ་ཞིང་ཕྱུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཡིའུ་ཧུང་ཀྲན་གྱིས་བཤད་རྒྱུར། ངས་མཚོ་སྔོན་རོགས་སྐྱོར་གྱི་ཐོག་མའི་གསར་རྩོམ་ཁག་དྲུག་པའི་གླུ་དབྱངས《མཚོ་སྔོན་རོགས་སྐྱོར་གྱི་ལྗོན་པ》ལ་ཉན་རྗེས། བརྙན་རིས་སྟེང་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་འཐབ་གྲོགས་ཚོའི་འབད་འཐབ་རྐང་རྗེས་མཐོང་བ་དང་། མི་སེམས་འགུལ་བའི་འགྱུར་ཁུག་དེ་ཐོས་རྗེས་ནང་སེམས་ལྷག་ཏུ་སྤྲོ། ངས་བལྟས་ན་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐོག་མའི་བསམ་འདུན་ནི་ཡུལ་དེ་གའི་མང་ཚོགས་ལ་དོན་དངོས་འགའ་སྒྲུབ་དགོས་པ་དེ་རེད།

མཚོ་སྔོན་རོགས་སྐྱོར་ལས་བྱེད་པ།   མཚོ་ནུབ་ཁུལ་མང་ངེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཏེང་ཀྲུང་ཁྲའོ་ཡིས་བཤད་རྒྱུར། “མཚོ་སྔོན་རོགས་སྐྱོར་བུམ་པ”ཡིས་ལུས་རྩལ་སྤེལ་རེས་དེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གཞི་རྟེན་གསར་པར་བརྩིས་ཡོད། མཚོ་སྔོན་ལ་རོགས་སྐྱོར་དང་རོགས་ལས་བྱ་རྒྱུ་དེ་ལས་གཞི་རོགས་སྐྱོར་ཙམ་མིན་པར།  མི་སེམས་གཅིག་ཏུ་སྦྲེལ་བ་དང་བརྩེ་སེམས་གཅིག་མཐུན་ཡོང་བར་བྱེད་དགོས།  ང་ཚོས་མཚོ་སྔོན་ལ་རོགས་སྐྱོར་ལས་དོན་མི་སྣ་སྐོར་ཐེངས་རེ་རེ་ཡིས་ཡུལ་དངོས་དང་པོའི་ལས་གནས་སུ་འབད་འཐབ་བྱས་ཏེ།  ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་སྲིད། འགན་འཁྲི་དང་བརྩེ་སེམས་བཅངས་ནས་མཐོ་སྒང་དུ་གཞི་ཚུགས་པར་བྱེད་པ་དང་།  ས་གནས་གཉིས་ཀྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས།  རི་ཀླུང་ཀུན་བློ་སེམས་གཅིག་མཐུན་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པའི་མཚོ་སྔོན་ལ་རོགས་སྐྱོར་གྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།