ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་མདོ་ལའི་བོད་ལུག་གི་ཁྱད་ལྡན་ཕྱུགས་རྒྱུད་ཐོན་ཁུངས་ལ་གཞི་བཙུགས་ནས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། རྩྭ་ཕྱུགས་དོ་སྙོམས་དང་ཁུལ་དབྱེ་རེས་སྐོར་འཚོ་སྐྱོང་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་རྩྭ་ཕྱུགས་དོ་མི་མཉམ་པ་རྒྱུན་ཆད་མེད་པར་སེལ་ནས་སྲོལ་རྒྱུན་ཕྱུགས་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་། རྫོང་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་རྩྭ་རའི་རྒྱ་ཁྱོན་མུའུ་བྱེ་བ་གཅིག་ས་ཡ་ལྔ་འབུམ་གསུམ་ཆིག་ཁྲི་ལྔ་སྟོང་སུམ་བརྒྱ་ཟིན་པ་དང་མདོ་ལའི་བོད་ལུག་གི་རྒྱུད་བཟང་ཁྱབ་ཚད90%ཡན་ཟིན་ཡོད།
ས་གནས་ཀྱིས་སྲིད་ཐོན་སློབ་ཞིབ་སྐུལ་འདེད་ཀྱི་མཐུན་སྦྱོར་གསར་གཏོད་ལས་སྟེགས་བསྐྲུན་པ་དང་གསོ་སྤེལ་ལས་སྣོན་ཚོགས་པའི་ཚད་གཞི་འཐུས་ཚང་དུ་གཏོང་བ། ཕྱུགས་རྒྱུད་གཞི་རྒྱུའི་གཞི་གྲངས་མཛོད་དང་ཁུལ་སྦྲེལ་ཁུངས་གཏུགས་ལས་སྟེགས་བསྐྲུན་པ་བཅས་བྱས་ལ། ཐོན་ལས་གླིང་ལ་བརྟེན་ནས་ཕྱུགས་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞོར་ཐོན་རྫས་ཕྱོགས་བསྡུས་གསར་སྤེལ་བྱས་ཏེ་རིགས་ཆེན་པོ7གྱི་ཕྱུགས་ལས་ཐོན་རྫས་རིགས་སྣ446ཞིབ་འཇུག་གསར་སྤེལ་བྱས་ནས་བོད་ལུག་རྐྱང་པའི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་འཕར་སྣོན་ཆེན་པོ་བྱུང་།