རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་བདེ་བླག་ངང་མཇུག་བསྒྲིལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ10ཚེས22ཉིན་གྱི་ཕྱི་དྲོར། དུས་ཡུན་ཉིན་ལྔ་ཡི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་གྲོལ་བ་རེད།

ཐེངས་འདིའི་ཚོགས་འདུར་ཚན་པ་ཁག་གིས་ལོ་གཅིག་རིང་གི་གསར་འགྱུར་དང་། པར་ངོས། སྒྱུར་ཡིག དཔྱད་རྩོམ་སོགས་ཁྱོན་བརྩམས་ཆོས500ལྷག་ཙམ་དཔྱད་འདེམས་སུ་འོས་སྦྱོར་བྱས་པ་དང་། དཔྱད་ཞིབ་ཚོགས་ཆུང་གིས་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་། དཔྱད་འདེམས་ནན་པོ་བྱས་པས། མཐར་དམིགས་བསལ་རིམ་པའི་བྱ་དགའ12དང་། བྱ་དགའ་རིམ་པ་དང་པོ89བྱ་དགའ་རིམ་པ་གཉིས་པ125བྱ་དགའ་རིམ་པ་གསུམ་པ190བཅས་བདམས་ཐོན་བྱུང་བ་རེད།

དེ་བཞིན་ཚོགས་འདུར་སྨྱན་སྦྱོར་ཁག་གི་རིགས་གཅིག་མཁས་ཅན་ཚོས་ནན་ཏན་གྱིས་གྲོས་བསྡུར་དང་བཀས་བཅད་བྱས་རྗེས། མཐར་ཐ་སྙད་དང་བརྡ་ཆད་གསར་པ37གཅིག་གྱུར་བྱུང་བ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།