མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་འཚོགས་པ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ10པའི་ཚེས20ཉིན།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཤིས་འཕྲིན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།  འཕྲོད་བསྟེན་བདེ་ཐང་དང་། སྐྱེ་ཁམས་སྲུང་སྐྱོབ། རྩིས་གློག་མཉམ་ལས། ཕྱི་ཕྱོགས་སྒོ་འབྱེད། མིས་བཟོས་རིག་ནུས་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་།    རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།    དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས།  བདེ་ཐང་དོ་དམ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན། སྨན་བཅོས་ཞབས་ཞུ། སྨན་བཅོས་འགན་བཅོལ་གྱི་འདེགས་སྐྱོར། སྨན་རྫས་གསར་གཏོད།  འཇོན་མི་གསོ་སྐྱོང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱ་དགོས། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་མཐོ་རུ་གཏོང་བའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་བདེ་ཐང་གི་དམིགས་ཚད་གཙོ་བོ་རྒྱུན་མཐུད་དང་བརྟན་བརླིང་ངང་མཐོ་རུ་གཏོང་དགོས།  མི་དམངས་མང་ཚོགས་ཀྱི་ཉིན་རེར་ཆེ་རུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་ནུས་ལྡན་ངང་བསྐངས་ནས་མཐོ་སྒང་གི་ཁྱད་ལྡན་བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཝུའུ་ལན་ཁྲ་པུའུ་རུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན།     ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས་ལ།     སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།   སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཇེ་མཐོར་གཏོང་བར་ཤུགས་བསྣན་ནས།      མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་རྣམ་པ་སྔར་ལས་ཡག་པ་དང་།     སྐྱེ་ཁམས་རིན་ཐང་སྔར་ལས་མངོན་པ།   སྐྱེ་ཁམས་བཅོས་སྐྱོང་སྔར་ལས་ལེགས་པ་བཅས་ཡོང་བ་བྱེད་དགོས།   ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་བཟོ་སྐྲུན་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བ་འཛུགས་སྐྲུན་ནང་རང་འགུལ་ངང་འདྲེས་པར་བྱས་ནས། རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ནུས་ཤུགས་གཅིག་སྒྲིལ་གྱིས་འཛུགས་སྐྲུན་བྱེད་དགོས།   ལྗང་མདོག་རྩིས་ནུས་མུ་ཕྲེང་གཅིག་བསྡུས་དང་། སྐྱེ་ཁམས་མཐུན་སྦྱོར། རིན་ཐང་མཐོར་འདེགས་བཅས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཚོགས་སྐབས140པར་སྤྲིངས་པའི་ཤིས་འཕྲིན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན།  བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བ་དང་།  “རྒྱུད་གཅིག་ལམ་གཅིག”དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་མཉམ་སྐྲུན་བྱེད་པར་ཧུར་ཐག་གིས་ཞུགས་ནས། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་།  ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཕྱིར་གཏོང་རྒྱ་བསྐྱེད་ལ་སྐུལ་འདེད་བཏང་སྟེ། སྤུས་ལེགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་། བར་སྟོང་གསར་པ་རྒྱ་སྐྱེད་གཏོང་དགོས།

​ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཟླ10པའི་ཚེས16ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིས་བཟོས་རིག་ནུས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་རྐང་ཚུགས་ཏེ།    ལྗང་མདོག་རྨང་གཞི་དང་།   ལྗོངས་རྣམ་ཁྲིད་སྟོན།   སྐྱེ་ཁམས་མཐུན་སྦྱོར་བཅས་འབུར་དུ་ཐོན་པར་བྱས་ཏེ།  “མིས་བཟོས་རིག་ནུས་དང་མཉམ་འབྲེལ”ཚད་ཤིང་ལྗོངས་རྣམ་སྐོར་ཞིག་དོན་འཁྱོལ་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མིས་བཟོས་རིག་ནུས་ཀྱི་ཐོན་ལས་སྐྱེ་ཁམས་མ་ལག་བསྐྲུན་དགོས།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བེད་སྤྱོད་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”》སོགས་ཆེད་དོན་འཆར་འགོད7ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྡེ་ཁག་གི་ལས་ཀའི་འགན་འཁྲི་ནན་དཀྲི་བྱས་ནས་ཆེད་དོན་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་ཇེ་མགྱོགས་སུ་གཏོང་དགོས་ལ། འཆར་འགོད་ཀྱི་དུས་འཁོར་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མ་ལག་ཆ་ཚང་དང་།  འབྲེལ་མཐུད་ཤར་གཏོང་། དངོས་སྒྲུབ་གོ་ཆོད་བཅས་ཡོང་བའི་འགན་ལེན་བྱེད་དགོས།

གྲོས་ཚོགས་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།