ཟླ10ཚེས20ཉིན། རྒྱལ་ཁབ་གཞི་གྲངས་སྡེ་ཤོག་ཚད་ཡོད་ཀུང་སི་དེ་ཧི་པེ་ཞུང་ཨན་ཁུལ་གསར་དུ་བཙུགས། སྡེ་ཤོག་དེ་ནི་གཞི་གྲངས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་གཙོ་བྱས་པའི་ཀྲུང་དབྱང་གི་ཁེ་ལས་ཤིག་ཡིན་ཞིང་། སྤྱི་ཁྱབ་པུའུ་ཧི་པའེ་ཞུང་ཨན་ཁུལ་གསར་དུ་ཡོད།
གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁོངས་རྒྱུ་ནོར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། རྒྱལ་ཁབ་གཞི་གྲངས་སྡེ་ཤོག་ཚད་ཡོད་ཀུང་སི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་མ་དངུལ་གཏོང་འགན་འཁུར་ནས་བསྒྲུབས་པ་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་མ་དངུལ་གཏོང་མཁན་གྱི་འགན་ཁུར་ཁེ་ལས་ཀྱི་མིང་གཞུང་ལ་བཞག
རྒྱུས་ལོན་པ་ལྟར་ན། སྡེ་ཤོག་དེ་ནི་གཞི་གྲངས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། གཞི་གྲངས་ཀྱི་གྲུབ་ཆའི་རིན་ཐང་། མིས་བཟོས་རིག་ནུས་འཕེལ་རྒྱས་ལ་ཞབས་ཞུ། གཞི་གྲངས་ཐོན་ལས་ཀྱི་སྐྱེ་ཁམས་དར་སྤེལ་བཅས་ལ་སྐུལ་འདེད་གཏོང་ཕྱིར་དུ་བཙུགས་པ་ཞིག་ཡིན་ཞིང་། དེ་བཙུགས་རྗེས་རྒྱལ་ཁབ་གཞི་གྲངས་སྡེ་ཤོག་གིས་འབྲེལ་ཡོད་སྡེ་ཚན་གྱི་སློབ་སྟོན་འོག ཀྲུང་དབྱང་དང་ས་གནས་མཉམ་འགུལ་ལ་ཤུགས་བསྣན་དང་། ཐོན་ལས་མཉམ་འབྲེལ་གཏིང་ཟབ། ནུས་པ་མཉམ་སྤྱོད་ལ་སྐུལ་འདེད། ཉམས་མྱོང་མཉམ་སྤྱོད། ལས་སྒོ་མཉམ་སྐྱེད་བཅས་བྱས་ནས་མཉམ་དུ་གཞི་གྲངས་ཆེན་མོའི་རིན་ཐང་དང་གཞི་གྲངས་ཐོན་ལས་སྟོབས་ལྡན། གཞི་གྲངས་སྐྱེ་ཁམས་ལེགས་སྤེལ་རྒྱ་ཆེན་པོ་བསྒྲུབ་རྒྱུ་རེད།