མཚོ་སྔོན་གྱིས“1+N”ནགས་ཚལ་དང་རྩྭ་ཐང་ཁྱབ་ཁོངས་ཀྱི་ལས་གཞི་དོ་དམ་ལམ་ལུགས་མ་ལག་བཙུགས་ནས“གནས་གཅིག་ནས་ལྷན་བཅོས”ནས“མ་ལག་འདུས་གྲུབ”ཕྱོགས་སུ་བསྒྱུར་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས19ཉིན་ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་ཁྱབ་ཁོངས་ཀྱི་ལས་གཞི་དོ་དམ་ལམ་ལུགས་འཛུགས་སྐྱོང་བྱས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐེན་ཅན་གྱིས་གསར་འགྱུར་གཏམ་བཤད་གནང་སྟེ། མཚོ་སྔོན་གྱིས་སྔར་ཡོད་ཀྱི་ལམ་ལུགས་ཡིག་ཆ77ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་པ་དང་། ལས་གཞི4མེད་པ་བཟོས་པ། ལས་གཞི26བཟོ་བཅོས་བརྒྱབ་སྟེ་གསར་དུ་བཙུགས་ནས《མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭ་ལས་གཞིའི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལག་བསྟར་ཇུས་གཞི》ཡིས་སྤྱི་འདོམས་བྱེད་པ་དང་ལས་སྒོའི་ཁྱབ་ཁོངས་ཁག་གི་ཆེད་དོན་ལམ་ལུགས་ཀྱིས་འདེགས་སྐྱོར་བྱེད་པའི“1+N”ལམ་ལུགས་མ་ལག་བཙུགས་ནས“དོན་དག་གཅིག་ལམ་ལུགས་གཅིག་གིས་དོ་དམ་བྱེད་པ་དང་ལམ་ལུགས་གཅིག་གིས་དོན་དག་གཅིག་དོ་དམ་བྱེད་པ”གཞི་རྩའི་ཆ་ནས་བསྒྲུབས་ཏེ། ་ལམ་ལུགས་མ་ལག་དེ“གནས་གཅིག་ནས་ལྷན་བཅོས”ནས“མ་ལག་འདུས་གྲུབ”སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་གྱིས་ལམ་ལུགས་ནན་ཤོས་ལ་བརྟེན་ནས་ནགས་རྩྭའི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་མོད། འོན་ཀྱང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཆབས་ཅིག་ད་ལྟ་ལག་ལེན་བསྟར་བཞིན་པའི་ལམ་ལུགས་མ་ལག་ལ་ད་དུང་ཞན་ཆ་མི་ཉུང་བ་ཞིག་ལྷག་ཡོད། ད་ལོའི་ཟླ6པར་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཆེད་དོན་རྟོག་ཞིབ་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་ས་གནས་མང་པོའི་ལས་གཞི་ཡུལ་དངོས་སུ་རྩད་ཞིབ་གཏིང་ཟབ་བྱས་ནས་ཇེ་ལེགས་སུ་གཏོང་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུའི་བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ངང་ཉན་པ་དང་ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་ཁྱབ་ཁོངས་ཀྱི་ལམ་ལུགས“མེད་པར་བཟོས་པ་ནས་འཛུགས་པའི”ཆེད་དོན་ལས་དོན་མགྱོགས་པོ་བཀོད་སྒྲིག་བྱས་ནས་སྤེལ་དགོས།

“ཕྱོགས་ཡོངས་ནས་ལེགས་སྒྲིག་དང་།     རིགས་དབྱེ་ཐག་གཅོད།     གཅིག་གྱུར་སྐུལ་འདེད།     ཕན་འབྲས་དངོས་ལ་མཐོང་ཆེན་”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ་ཚན་རིག་དང་མཐུན་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས《མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭ་ལས་གཞི་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལག་བསྟར་ཇུས་གཞི》བཏོན་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་འགྱུར་ལས་གཞི་ཞིབ་བཤེར་རྩིས་ལེན་རྩིས་སྤྲོད་དང་། ནགས་རྩྭ་ལས་གཞིའི་དུས་མཇུག་གི་དོ་དམ་སྲུང་སྐྱོང་སོགས་ལེ་ལག་ལམ་ལུགས་བཙུགས།   ལས་གཞི་འཛུགས་པ་དང་། སུས་འཇོན་དེ་འགུག ལག་བསྟར། ཞིབ་བཤེར་རྩིས་ལེན། དོ་དམ་སྲུང་སྐྱོང་བཅས་ཀྱི་དོ་དམ་སྲུང་སྐྱོང་གི་བརྒྱུད་རིམ་ཁག་འབྲེལ་མཐུད་བྱེད་པ། རྩྭ་ཐང་སྲུང་སྐྱོང་སླར་གསོར་དམིགས་ནས་རྩྭ་ཐང་སླར་གསོའི་ལས་གཞི་ལག་བསྟར་ཞིབ་སྲོལ་དང་། ཉམས་ཞན་དུ་གྱུར་པའི་རྩྭ་ཐང་བཅོས་སྐྱོང་ལག་རྩལ་ཕྱོགས་སྟོན། རྩྭ་ཐང་སླར་གསོ་ཁུལ་གྱི་ལུགས་མཐུན་བེད་སྤྱོད་ལག་རྩལ་ཚད་གཞི། རྩྭ་ཐང་སླར་གསོའི་ལས་གཞིའི་དུས་མཇུག་དོ་དམ་སྲུང་སྐྱོང་བྱ་ཐབས་བཅས་གཅིག་སྡུད་ཐོག་བཏོན་ནས་ཁྱབ་ཁོངས་གཅིག་ལ་ལམ་ལུགས་ཆ་ཚང་ཞིག་གིས་དོ་དམ་མཐའ་འཁྱོལ་ཡོང་བ་བྱེད་པ་དང་། ནགས་རྩྭའི་སོན་ཁུངས་དོ་དམ་ལ་དམིགས་ནས་ཐོན་སྐྱེད་དང་། འཁོར་རྒྱུག བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཁུངས་འདེད་ཀྱི་འབྲེལ་ཐག་ཆགས་སུ་འཇུག་དགོས།

བརྒྱུད་རིམ་བསྐྱར་དུ་བཟོ་བ་དང་དབང་ཆ་དང་འགན་འཁྲི་ཞིབ་ཕྲ་བཟོ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། བྱ་བའི་བརྒྱུད་རིམ་ཁ་གསལ་དང་ཚད་ལྡན་དུ་བཏང་བ་དང་།   རྩྭ་ཐང་ཉམས་གསོའི་ཁྱབ་ཁོངས་དཔེར་བཞག་ནས་ལམ་ལུགས་རབ་དང་རིམ་པ་རྣམ་གྲངས་རེ་ཞུ་དང་རྣམ་གྲངས་འཛུགས་སྐྱོང། ཇུས་འགོད་མཆན་འགོད། ལག་བསྟར་དོ་དམ། ཞིབ་བཤེར་རྩིས་ལེན་དང་གདེང་འཇོག དུས་མཇུག་གི་དོ་དམ་བཅས་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཏུ་འཇུག་དགོས།  བྱེ་འགོག་བྱེ་བཅོས་ཁྱབ་ཁོངས་སུ་མཚོ་སྔོན་ཞིང་ཆེན་གྱི་མཐོ་གྲང་བྱེ་ཁུལ་གྱི་བྱེ་འགོག་ཞིབ་བཤེར་རྩིས་ལེན་ལག་རྩལ་ཕྱོགས་སྟོན་བཏོན་ནས་བྱེ་འགོག་བེད་སྤྱོད་ལོ་ཚད་དང་། ཞིབ་བཤེར་རྩིས་ལེན་ཚད་གཞི། དཔེ་འཐེན་སྒྲིག་སྲོལ་བཅས་ཁ་གསལ་བཟོས་ཏེ། མཐོ་གྲང་བྱེ་ཁུལ་གྱི་བྱེ་འགོག་ཨར་ལས་ཀྱི་སྤུས་ཚད་ཞིབ་བཤེར་རྩིས་ལེན་ལ་ལག་རྩལ་གྱི་གཞི་འཛིན་ས་མཁོ་བཏོན་བྱས། འགན་འཁྲིའི་མཐའ་མཚམས་ཁ་གསལ་བཟོས་ཏེ《མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭ་ལས་གཞིའི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལག་བསྟར་ཇུས་གཞིའི》ནང་སྡེ་ཚན་བདུན་གྱི་འགན་འཁྲི་ལས་བགོས་ཁ་གསལ་བཟོས་པ་དང་། “ནགས་རྩྭ་དཔོན+ཉེན་རྟོག་དཔོན་པོ+ཞིབ་དཔྱོད་དཔོན+ཁྲིམས་དཔོན”བཅས་ཀྱི་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་མངའ་ཁོངས་སྔོ་འགྱུར་ལས་གཞིའི་ནགས་རྩྭ་སོན་མྱུག་བེད་སྤྱོད་དོ་དམ་བྱ་ཐབས་དང་སོན་མྱུག་སྤུས་ཚད་དོ་དམ་གྱི་འགན་འཁྲི་ལས་བགོས་ལམ་ལུགས་གཉིས་ལ་མཉམ་དུ་ཤུགས་སྣོན་བརྒྱབ་ནས་ཐོན་སྐྱེད་དང་འཁོར་རྒྱུག་ནས་བེད་སྤྱོད་བར་གྱི་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཕུགས་འདེད་མ་ལག་བཙུགས།

དེའི་རྨང་གཞིའི་ཐོག་བཅོས་སྐྱོང་གི་ཕན་ནུས་གང་ལེགས་བཏོན་ནས《མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭ་ལས་གཞིའི་འོས་སྐུལ་ཐོབ་ཐང་དང་ཆ་རྐྱེན་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》གྱིས་ནགས་རྩྭའི་ལས་གཞི་འོས་སྐུལ་འོས་འགུག་དང་སྲིད་གཞུང་གི་ཉོ་སྒྲུབ་བྱེད་སྒོའི་ཁྲོད་ཀྱི་འོས་སྐུལ་འོས་འགུགས་ཐོབ་ཐང་དང་ཆ་རྐྱེན་གྱི་གཏན་འབེབས་ལྟར་ཚད་ལྡན་ཞིབ་བཟོ་ལ་སྣེ་ཁྲིད་ལེགས་པོ་བྱེད་དགོས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་བཟུང་སྤྱོད་དོ་དམ་བྱ་ཐབས》ཀྱིས“གཡོལ་ཐབས་དང་། མི་བཟུང་ཉུང་བཟུང”བཅས་ཀྱི་རྩ་དོན་གཏན་འཁེལ་བྱས་ནས་རིམ་པ་དབྱེ་ནས་ཞིབ་བཤེར་གཏན་འབེབས་བྱེད་པའི་དབང་ཚད་ཁ་གསལ་བཟོ་དགོས། 《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོ་བའི་སྔོན་འགོག་ཚོད་འཛིན་ཕྱོགས་སྟོན》གྱིས་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་མི་དང་གཅན་གཟན་བར་གྱི་གདོང་ཐུག་སྔོན་འགོག་བྱེད་དགོས། 《མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭ་ལས་གཞིའི་དུས་མཇུག་དོ་དམ་སྲུང་སྐྱོང་བྱེད་ཐབས(ཚོད་ལྟ་ལག་བསྟར)》ཀྱིས་ལྟ་སྐུལ་དོ་དམ་མཉམ་འཛིན་དང་། དབང་ཆ་དང་འགན་འཁྲི་ཁ་གསལ། རྒྱུན་རྣམ་ཕུགས་ཕན་བཅས་ཀྱི་དུས་མཇུག་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ནགས་རྩྭ་ཐོན་ཁུངས་སྐྱེ་ཁམས་གྱི་བྱེད་ནུས་དང་ཕྱོགས་བསྡུས་ཕན་འབྲས་ཇེ་མཐོར་གཏོང་དགོས།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།