རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་གཞུང་དོན་ཁང་གིས་ཆེད་ལས་ཁག་གི་ཡོན་གནས་སློབ་གསོ་མཛུབ་སྟོན་ཨུ་ལྷན་སྒྲིག་འཛུགས་བྱས་ཏེ། བསླབ་གཞི་རིགས་གང་དེའི་རབ་འབྱམས་པ་དང་འབུམ་རམས་པའི《གཞི་རྩའི་བླང་བྱ》ཞིབ་འཇུག་ཐོག་བཟོས་ཤིང་། སྔོན་ལ་ཡིག་སྒྱུར་དང་། ཞིང་ལས། ནད་ཐོག་སྨན་བཅོས་གསོ་རིག རྩིས་པ། སྒྱུ་རྩལ་བཅས་ཆེད་ལས་ཀྱི་ཡོན་གནས་རིགས5ལ་ཚོད་ལྟ་བྱེད་རྩིས་ཡོད།
ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་ཡོན་གནས་རེ་ཞུ་བྱ་རྒྱུ་ནི་མིག་སྔའི་ཞིབ་འཇུག་སློབ་མའི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་གྱུར་བར་གཞིགས་ཏེ ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས《ཆེད་ལས་ཡོན་གནས་ཞིབ་འཇུག་སློབ་མས་ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་ཡོན་གནས་རེ་ཞུ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ། དུས་མགོའི་ལས་གཞིའི་ནང་དུ་རབ་འབྱམས་དང་འབུམ་རམས་པས་ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་ཡོན་གནས་རེ་ཞུ་ཡི་རྨང་གཞིའི་ཐོག་ཆེད་ལས་ཡོན་གནས་རིགས5སྔོན་ལ་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་བཏང་།
ད་ལོའི་སློབ་མ་མཐར་ཕྱིན་གྱི་དུས་ཚིགས་སུ་མཐོ་རིམ་སློབ་གྲྭ་མང་པོ་ཞིག་གིས་ལག་ལེན་གྲུབ་འབྲས་ལ་བརྟེན་ནས་ཆེད་ལས་ཡོན་གནས་རེ་ཞུ་བྱེད་པའི་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་བ་སྟེ། རབ་འབྱམས་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཁག་ཅིག་གིས་སྲོལ་རྒྱུན་གྱི་ཡོན་གནས་དཔྱད་རྩོམ་འབྲི་མི་དགོས་པར་ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་ཡོན་གནས་བདེ་བླག་ངང་ལེན་ཐུབ་པ་ཡིན། ཐེངས་འདིའི《བསམ་འཆར》བཏོན་པའི་དམིགས་ཡུལ་ནི་ས་གནས་ཁག་དང་སློབ་གྲྭ་ཁག་གིས་ཚན་རིག་དང་མཐུན་ཞིང་ཚད་ལྡན་གྱི་སྒོ་ནས་སྲིད་ཇུས་ཀྱི་བརྩི་བྱ་སྲུང་བྱ་མཁོ་འདོན་བྱས་ཏེ། ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་ཡོན་གནས་རེ་ཞུ་བྱེད་པའི་ལས་དོན་དེ་དང་ཡོན་གནས་སྤྲོད་པའི་སྤུས་ཚད་ལ་འགན་ལེན་བྱ་ཆེད་རེད།
《བསམ་འཆར》ནང་དུ་སྤུས་ཚད་གཙིགས་འཛིན་མཐའ་འཁྱོངས་བྱས་ནས་ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་ཡོན་གནས་རེ་ཞུ་བྱེད་པའི་ཚད་གཞི་དང་། ལམ་སྲོལ། བརྒྱུད་རིམ་བཅས་འཐུས་ཚང་དུ་གཏོང་དགོས། ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་གཞུང་དོན་ཁང་གིས་ཆེད་ལས་ཁག་གི་ཡོན་གནས་ཞིབ་འཇུག་སློབ་མའི་སློབ་གསོའི་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ཏེ། ཆེད་ལས་དེའི་ཡོན་གནས་རིགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་གི་ཆོས་ཉིད་ལ་གཞི་ཚུགས་ནས་དེ་མཚུངས་ཀྱི་འབུམ་རམས་པ་དང་རབ་འབྱམས་པའི་ཆེད་ལས་ཡོན་གནས་རིགས་ཀྱི《གཞི་རྩའི་བླང་བྱ》ཞིབ་འཇུག་ཐོག་བཟོས་ ནས་རིགས་མི་འདྲ་བའི་ལག་ལེན་གྲུབ་འབྲས་ཀྱི་ཡོང་ཁུངས་དང་རྣམ་པ། ནང་དོན་གྱི་གྲུབ་ཆ། རྩོམ་འབྲིའི་ཚད་གཞི། གདེང་འཇོག་དཔྱད་གཞིའི་རྒྱུ་རྐྱེན་སོགས་ཁ་གསལ་བཟོ་དགོས། 《གཞི་རྩའི་བླང་བྱ》ནི་ཡོན་གནས་སྤྲོད་མཁན་ཚན་པས་ལག་བསྟར་ཞིབ་སྲོལ་བཟོ་བའི་དཔྱད་གཞིའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། ཡོན་གནས་སྤྲོད་མཁན་ཚན་པས་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཚན་པ་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཆེད་ལས་ཀྱི་ཡོན་གནས་ཁྱད་པར་དེ་ལག་ལེན་གྲུབ་འབྲས་ལ་བརྟེན་ནས་ཡོན་གནས་རེ་ཞུ་བྱེད་པའི་ལག་བསྟར་ཞིབ་སྲོལ་ལྟར་དབྱེ་ཏེ་འཐུས་ཚང་དུ་གཏང་དགོས་པ་དང་། ལག་ལེན་གྲུབ་འབྲས་ཀྱི་བརྗོད་བྱ་འདེམས་པའི་རིགས་པས་ཁུངས་སྐྱེལ་དང་། བརྒྱུད་རིམ་མཛུབ་ཁྲིད། གདེང་འཇོག་དཔྱད་ཞིབ་སོགས་འགག་རྩའི་བརྒྱུད་རིམ་ཧྲིལ་པོར་ཕྱོགས་སྟོན་ཞིབ་ཕྲ་བཟོས་ནས་ལག་ལེན་གྲུབ་འབྲས་ཀྱི་ལག་བསྟར་བྱེད་འཐུས་རང་བཞིན་གྱི་རིགས་པས་ཁུངས་སྐྱེལ་གྱི་སྙན་ཞུ་དང་། གྲུབ་འབྲས་གསལ་འབྱེད་ཀྱི་ཡི་གེ ཆེད་མཁས་པའི་དཔྱད་བསྡུར་རེའུ་མིག་སོགས་དཔྱད་གཞིའི་མ་དཔེ་ཞིག་གྲུབ་དགོས་པ་ནན་གྱིས་བསྟན་ཡོད།
《བསམ་འཆར》ཡི་ནང་དུ་ལག་ལེན་གྲུབ་འབྲས་ཀྱི་བྱས་རྗེས་གཏན་འཁེལ་གྱི་ཚད་གཞི་ནན་དུ་བཏང་ནས་ལག་ལེན་གྲུབ་འབྲས་དེ་ངེས་པར་དུ་སློབ་དཔོན་གྱི་མཛུབ་ཁྲིད་འོག་ཞིབ་འཇུག་སློབ་མས་རང་ཚུགས་ངང་ལེགས་སྒྲུབ་བྱེད་པའམ་ཡང་ན། ལེགས་སྒྲུབ་བྱེད་མཁན་གཙོ་བོ་ཡིན་པའི་ངོས་ནས་ལྟེ་བའི་ནང་དོན་འགན་འཁུར་དགོས་པ་ཁ་གསལ་བཟོ་དགོས།ཡོན་གནས་དཔྱད་བསྡུར་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་སྒྲིག་ཡིག་དང་འབུམ་རམས་པ་དང་རབ་འབྱམས་པའི་ཡོན་གནས་སྤྲོད་པའི་ལག་བསྟར་ཞིབ་སྲོལ་སོགས་དོ་དམ་ལམ་ལུགས་དུས་གཅིག་ཏུ་འཐུས་ཚང་དུ་གཏོང་བ་དང་། གསོ་སྐྱོང་ཇུས་གཞི་དང་། སློབ་གྲྭའི་ཕྱི་ནང་གི་སློབ་དཔོན་གདམ་གསེས། ཐོག་མའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས། ཤེས་བྱའི་ཐོན་དབང་དོ་དམ་སོགས་ཀྱི་ལེ་ལག་ཚང་བའི་ཡིག་ཆ་གསར་བརྗེས་བྱས་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་འགན་སྲུང་ལམ་ལུགས་མ་ལག་འཛུགས་དགོས་པ་བསྟན།
《བསམ་འཆར》ནང་ད་དུང་ལས་རིགས་ཐོན་ལས་གཏིང་ཟབ་ཞུགས་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་སློབ་དཔོན་གྱི་འགན་འཁྲི་དང་ནུས་པ་ཁ་གསལ་བཟོ་བ། ཁེ་ཕན་གྱི་གདོང་གཏུག་ལས་གཡོལ་ཐབས་དང་གདེང་འཇོག་དྲང་གཞག་གི་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་གཏོང་དགོས། གསོ་སྐྱོང་ཇུས་གཞི་བཟོ་བ་དང་། སློབ་ཚན་སློབ་ཁྲིད། ལག་ལེན་སྦྱོང་བརྡར། ཡོན་གནས་སྤྲོད་པ། གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ཐད་ལས་རིགས་ཐོན་ལས་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་། ཚད་གཞི་མཉམ་འཇུག ལམ་སྲོལ་མཉམ་འཛུགས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གྲུབ་འབྲས་ཐོན་པ། ཐོན་ལས་ཀྱི་དགོས་མཁོ་བཅས་འབྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།
ངོ་སྤྲོད་བྱས་པ་ལྟར་ན། བཅོས་སྒྱུར་དེ་སྔར་བཞིན་ཚོད་ལྟའི་ལག་བསྟར་འཚོལ་ཞིབ་ཀྱི་དུས་མཚམས་སུ་གནས་ཡོད་པས་ཆེད་ལས་ཁག་གི་ཡོན་གནས་རིགས་ཁག་གི་ཚོད་ལྟའི་ལག་བསྟར་ལ་ཁག་དབྱེ་ནས་སྐུལ་འདེད་གཏོང་དགོས། སླད་ཕྱིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་གཞུང་དོན་ཁང་གིས་ཆེད་ལས་ཡོན་གནས་སློབ་གསོ་མཛུབ་སྟོན་ཨུ་ལྷན་ཁག་སྒྲིག་འཛུགས་ཐོགམཛུབ་ཁྲིད་བྱས་ནས་རིགས་དེའི་རབ་འབྱམས་པ་དང་འབུམ་རམས་པའི《གཞི་རྩའི་བླང་བྱ》ཞིབ་བཟོ་བྱ་རྒྱུ་དང་། ཐོག་མར་ཡིག་སྒྱུར་དང་། ཞིང་ལས། ནད་ཐོག་སྨན་བཅོས་གསོ་རིག རྩིས་གཉེར། སྒྱུ་རྩལ་བཅས་ཆེད་ལས་ཡོན་གནས5ལ་ཚོད་ལྟ་བྱེད་རྩིས་ཡོད།