ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་མིས་བཟོས་རིག་ནུས་ཀྱིས་དམངས་ཆེན་བྱ་བའི་སྤུས་ཚད་མཐོར་འདེགས་ལ་ནུས་པ་སྩོལ་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་མིས་བཟོས་རིག་ནུས་ཀྱིས་དམངས་ཆེན་བྱ་བའི་སྤུས་ཚད་མཐོར་འདེགས་ལ་ནུས་པ་སྩོལ་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུ་ལས་མིས་བཟོས་རིག་ནུས་ཀྱིས་དམངས་ཆེན་བྱ་བའི་སྤུས་ཚད་མཐོར་འདེགས་ལ་ནུས་པ་སྩོལ་བའི་བྱ་བའི་འཆར་འགོད་ཀྱི་ནང་དོན་གཙོ་བོ་དང་ལས་རིམ་རྗེས་མའི་བྱ་བའི་གནས་ཚུལ་ལ་ཉན་ཞིང་། དེ་བཞིན་བྱ་བ་ཆེད་སྒྲུབ་ཚན་ཆུང་སོ་སོའི་བྱ་བའི་སྙན་ཞུར་ཉན་པར་མ་ཟད། གྲངས་རིག་ཅན་གྱི་འཛུགས་སྐྲུན་བསམ་འཆར་བསྡུ་ལེན་བྱས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། བསམ་བློ་གཅིག་གྱུར་དང་གཅིག་མཐུན་གཅིག་བསྡུས་བྱས་ཏེ། མིས་བཟོས་རིག་ནུས་ཀྱིས་དམངས་ཆེན་བྱ་བའི་སྤུས་ཚད་མཐོར་འདེགས་ལ་ནུས་པ་སྩོལ་བའི་དོན་སྙིང་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་ཡང་དག་བྱེད་དགོས། ངེས་གནས་གནད་ལ་འཁེལ་བར་འཚོལ་དགོས་ལ། བར་ཁྱད་ལ་ལྟ་སྟངས་ཡང་དག་བཟུང་ནས། ངེས་པ་དོན་གྱིས་གྲངས་རིག་གིས་དམངས་ཆེན་བྱ་བའི་འགན་འཁྲིའི་རང་བཞིན་དང་འོས་འགན་འདུ་ཤེས་ལ་ནུས་པ་སྩོལ་བ་ཇེ་དྲག་ཏུ་གཏོང་དགོས། དམིགས་འབེན་ལ་དམིགས་ཤིང་། ངོས་འཛིན་ཟབ་སྤེལ་བྱས་ཏེ། ཡང་དག་པའི་སྒོ་ནས་མིས་བཟོས་རིག་ནུས་ཀྱིས་དམངས་ཆེན་བྱ་བའི་སྤུས་ཚད་མཐོར་འདེགས་ལ་ནུས་པ་སྩོལ་བའི་སྤྱིའི་བླང་བྱ་དང་གཞི་རྩའི་རྩ་དོན་དམ་འཛིན་བྱེད་དགོས། དངོས་ཡོད་ལ་རྐང་བཙུགས་ཤིང་། བདེན་སྲུང་གསར་གཏོད་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་གྲངས་རིག་ཅན་གྱི་སྤོ་སྒྱུར་ལེགས་སྒྱུར་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།