ཟླ10པའི་ཚེས18ཉིན། 2026ལོའི་པེ་ཅིང་མ་ལ་སུང་རྒྱང་རྒྱུག་དང་རྒྱལ་ཡོངས་ཀྱི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་ཁྲོད། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོས་ཆུ་ཚོད2དང་སྐར་མ23དང་སྐར་ཆ48ཀྱི་གྲུབ་འབྲས་ཐོག་ནས་རྒྱལ་ཡོངས་ལེགས་སྐྱེས་འགྲན་སྡུར་གྱི་སྐྱེས་མའི་ཚོགས་ཆུང་གི་ཨང་དང་པོ་བླངས་ཤིང་། འགྲན་ར་ཡོངས་ཀྱི་བུད་མེད་བདམས་ཐོན་པའི་ཨང་གཉིས་པར་སླེབས་ནས་མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་གསར་དུ་བཏོད།

ལྷག་པར་ཉིན20ཡི་གོང་རོལ་ཏུ། ཚེ་རིང་མཚོ་མོས་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས20པའི་སྟེང་ཆུ་ཚོད2དང་སྐར་མ27སྐར་ཆ43གྱི་གྲུབ་འབྲས་ཀྱིས་སྐྱེས་མའི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་ཁྲོད་དངུལ་གྱི་རྟགས་མ་བླངས་པ་རེད།