ཟླ10པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་མཛུབ་སྟོན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་(ཞིང་ཆེན་ས་གནས་ཕུགས་འདུན་ལས་དོན་གཞུང་ལས་ཁང)གིས་བློ་འདྲིའི་ལས་ཁུངས་ཀྱི་འགན་འཁུར་བ་དང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་སྦྲེལ་དྲའི་གསར་འགྱུར་ལྟེ་གནས། “སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི”མཚོ་སྔོན་གྱི་སློབ་སྦྱོང་ལས་སྟེགས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་གྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་། “སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི”ཟི་ལིང་གི་སློབ་སྦྱོང་ལས་སྟེགས་ཀྱིས་འགན་སྒྲུབ་བྱས་པའི“རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་བསྐྱར་དར་བྱེད་པར་ང་ཡོད། དར་རྒྱས་ཆེ་བའི་གྲུབ་འབྲས་ལ་བསྟོད་གླུ་ལེན”ཞེས་པའི2026ལོའི་མཚོ་སྔོན་ཞིང་ཆེན་གྱི“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི”ཤེས་བྱའི་འགྲན་རྩོད་འགྲན་སྡུར་དེ་ཟི་ལིང་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས4Kའཁྲབ་སྟོན་ཁང་དུ་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་འཐུས་མི་རུ་ཁག11གིས་སྟེགས་བུ་གཅིག་རྒྱུད་དེ་འགྲན་སྡུར་བྱས་པ་མ་ཟད། འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་སྤེལ་བཏང་།
ཐེངས་འདིའི་འགྲན་སྡུར་ཆེན་མོ་ལས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་དུས་ཚོད་གལ་ཆེན་ལ་གཞི་ཚུགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཙོ་གནད་བྱས་ཏེ། མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་དང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་དཔལ་ཡོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རང་ཡུལ་གྱི་ལག་ལེན་ནང་དོན་ལ་ཟུང་འབྲེལ་དམ་པོ་བྱས་ནས། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་ཁྱིམ་སྐྱོང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་འཆང་བ་དང་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་དགོས་པའི་ཁྲིད་སྟོན་བྱས།
འགྲན་སྡུར་གསར་གཏོད་ལས“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི”མ་ལག་སྤྱོད་མཁན་འཐུས་མི་རུ་ཁག་འགྲན་སྡུར་ནང་ཞུགས་རྒྱུ་ནང་འདྲེན་བྱས་ཏེ། རྒྱ་ཆེའི་ལས་སྟེགས་སྟེང་སློབ་སྦྱོང་བྱེད་མཁན་ཚོ་བརྙན་རིས་མདུན་ནས་སྟེགས་བུའི་མདུན་དུ་བསྐྱོད་དེ་ལན་འདེབས་འགྲན་སྡུར་བྱས་ནས། དམངས་ཡོངས་ཀྱིས་སློབ་སྦྱོང་བྱེད་པ་དང་རང་འགུལ་ངང་ཤེས་བྱ་སློབ་གཉེར་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད། ལན་འདེབས་འགྲན་སྡུར་ཐེངས་མང་བྱས་པ་བརྒྱུད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་རུ་ཁག་ལ་ཚོགས་པའི་ཨང་དང་པོ་ཐོབ་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་རུ་ཁག་ལ་ཚོགས་པའི་ཨང་གཉིས་པ་ཐོབ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་རུ་ཁག་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་རུ་ཁག “སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི”མ་ལག་སྤྱོད་མཁན་འཐུས་མིའི་རུ་ཁག་བཅས་ལ་ཚོགས་པའི་ཨང་གསུམ་པ་ཐོབ། རུ་ཁག་མང་པོར་ཕུལ་བྱུང་ཚོགས་པ་དང་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་པ་དང་། འགྲན་སྡུར་ནང་ཞུགས་མཁན3འགྲན་ཞུགས་པ་ཡག་ཤོས་སུ་བདམས།
ལོ་ངོ་མང་པོའི་རིང་། མཚོ་སྔོན་ཞིང་ཆེན་གྱིས “སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི”སློབ་སྦྱོང་ལས་སྟེགས་ལ་བརྟེན་ནས་སློབ་སྦྱོང་རྩ་འཛུགས་ཁྲི2ཙམ་བཙུགས་པ་དང་། ལོ་རེར་སློབ་སྦྱོང་བྱེད་ཚད་མི་ཐེངས་དུང་ཕྱུར1ལས་བརྒལ་ནས། ཏང་གི་གསར་གཏོད་གཞུང་ལུགས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ཐེངས་འདིའི་ཤེས་བྱའི་འགྲན་སློང་འགྲན་སྡུར་ནི་ཤེས་བྱའི་འགྲན་སྡུར་ཞིག་ཡིན་ལ་སྙིང་སྟོབས་རྒྱུན་འཛིན་ཞིག་དེ་བས་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་ནུས་ལྡན་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སློབ་སྦྱོང་གི་གྲུབ་འབྲས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དངོས་སྒྲུབ་སྒུལ་ཤུགས་སུ་འགྱུར་རྒྱུར་སྔར་ལས་སྐུལ་མ་ཐེབས་ཡོད།