སྐབས་དགུ་པའི་ཀྲུང་གོའི“དྲ་རྒྱའི་རྩོམ་རིག+”ཚོགས་ཆེན་པེ་ཅིང་དུ་འཚོག་མགོ་བརྩམས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

སྐབས་དགུ་པའི་ཀྲུང་གོའི“དྲ་རྒྱའི་རྩོམ་རིག+”ཚོགས་ཆེན་པེ་ཅིན་དུ་འཚོག་མགོ་བརྩམས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས15ཉིན། སྐབས་དགུ་པའི་ཀྲུང་གོའི“དྲ་རྒྱའི་རྩོམ་རིག+”ཚོགས་ཆེན་པེ་ཅིན་དུ་འཚོག་མགོ་བརྩམས། ལི་ཨེར་དང་ཞའོ་ཆི་ཞའོ། ཉིན་མིན་ཡུས་ཡན་སོགས་རྩོམ་པ་པོ60ལྷག་དང་། དྲ་རྒྱའི་རྩོམ་པ་པོའི་འཐུས་མི་བརྒྱ་ལྷག ཧུའུ་པའེ་དང་ཀོང་ཏུང་། ཧི་པའེ། ཐེན་ཅིན། ཀོང་ཞི། ཀྲེ་ཅང་། ཅང་སུའུ་སོགས་ལས་རིགས་གཙོ་གཉེར་སྡེ་ཁག་གི་འཐུས་མི། ཆེད་མཁས་པ་དང་དྲ་རྒྱའི་རྩོམ་རིག་ལ་མོས་མཁན། གསར་འགྱུར་སྨྱན་བྱད་པའི་འཐུས་མི་སོགས་མི400ལྷག་བྱ་འགུལ་ལ་ཞུགས་ཡོད།

སྐབས་དགུ་པའི་ཀྲུང་གོའི“དྲ་རྒྱའི་རྩོམ་རིག+”ཚོགས་ཆེན་པེ་ཅིན་དུ་འཚོག་མགོ་བརྩམས་པ།

མགོ་ཚུགས་མཛད་སྒོ་དང་གླེང་སྟེགས་གཙོ་བོའི་ཐོག ཀྲུང་གོའི་སྒྲ་བརྙན་དང་གྲངས་འཛིན་དཔེ་སྐྲུན་མཐུན་ཚོགས་ཀྱིས《2025ལོའི་ལོ་འཁོར་གྱི་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་འཕེལ་རྒྱས་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད།  སྙན་ཞུའི་ནང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རང་རྒྱལ་གྱི་དྲ་རྒྱའི་རྩོམ་རིག་བརྟན་རླིང་ངང་གོང་དུ་འཕེལ་བ་རྒྱུན་འཁྱོངས་བྱས་པ་སྟེ།  ཁྲོམ་རའི་ཚོང་གཉེར་ཡོང་འབབ2021ལོའི་སྒོར་དུང་ཕྱུར267.20ནས2025ལོའི་སྒོར་དུང་ཕྱུར574.72བར་འཕར་ནས། ལྡབ་འཕར་མངོན་འགྱུར་བྱུང་བ་དང་།  ཕྱི་ཕྱོགས་ཁྲོམ་རའི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར29.05ནས་སྒོར་དུང་ཕྱུར69.83བར་འཕར་ནས། དུས་མཉམ་དུ་ལྡབ་འཕར་བྱུང་བ་དང་། འཕར་ཚད་རྒྱལ་ནང་གི་ཁྲོམ་ར་ལས་མངོན་གསལ་གྱིས་མཐོ་བ་ཡོད། “ཕྱིར་སྐྱོད་པའི”བརྩམས་ཆོས་ཀྱི་གཞི་ཁྱོན་ཁྲི31.46ནས་ཁྲི93.31(ཕྱི་རྒྱལ་གྱི་ཐོག་མའི་གསར་རྩོམ་བརྩམས་ཆོས་ཚུད་པ)བར་འཕར་ནས་ལྡབ2ཙམ་འཕར་ཡོད།  སྟེགས་བུར་ཐོ་འགོད་བྱས་པའི་རྩོམ་པ་པོའི་གྲངས་འབོར་དེ་ཁྲི2341.33ནས་ཁྲི3373.02བར་མང་དུ་ཕྱིན་ཡོད།  སྤྱོད་མཁན་གྱི་གཞི་ཁྱོན་མི་གྲངས་དུང་ཕྱུར4.60ནས་མི་གྲངས་དུང་ཕྱུར6.46བར་འཕར་སྣོན་བྱུང་བ་དང་།  ལོ་ལྔའི་ནང་མི་གྲངས་དུང་ཕྱུར1.86དངོས་འཕར་བྱས་ཡོད།  

2025ལོའི་ལོ་འཁོར་གྱི་གྲངས་གཞིར་བལྟས་ན།  ལས་རིགས་གྱིས“གཞི་ཁྱོན་བརྟན་རླིང་ངང་ཆེ་རུ་ཕྱིན་པ་དང་།  གྲུབ་ཆ་སྣ་མང་རྒྱུན་འཁྱོངས་བྱས་པ།  རིན་ཐང་གཏིང་ཟབ་ཐོན་པའི”རྣམ་པ་བཟང་པོ་མངོན་པ་སྟེ།  ལོ་ཧྲིལ་པོའི་ཁྲོམ་རའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར574.72ཟིན་པ་དང་།  དུས་མཉམ་ལས15.99%འཕར་ལ། གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱས་ཡོད།  ཕྱི་ཕྱོགས་ཁྲོམ་རའི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར69.83ཟིན་པ་དང་དུས་མཉམ་ལས45.03%འཕར་ཞིང་།  གློག་བརྙན་དང་བརྙན་ཐུང་སོགས་ལས་རིགས་མང་པོ་ཐུན་མོང་ཐོག“ཕྱིར་སྐྱོད་པ”དེ་སྒུལ་ཤུགས་གཙོ་བོར་གྱུར་ཡོད། 2025ལོའི་ལོ་མཇུག་བར་བརྩམས་ཆོས་ཀྱི་སྤྱི་འབོར་ཁྲི4395.41(མཇུག་འགྲིལ་མེད་པ་ཚུད་པ)ཙམ་ཡོད་པ་དང་།  དུས་མཉམ་ལས4.40%འཕར་ལ།  ལས་རིགས་དེ་བརྟན་རླིང་ངང་འཕེལ་རྒྱས་འགྲོ་བ་དང་གསོག་འབོར་ཇེ་ལེགས་སུ་འགྲོ་བའི་དུས་མཚམས་སུ་བསླེབས་ཡོད།  

སྐབས་འདིའི་ཚོགས་ཆེན་གྱིས“དྲ་ཐོག་གི་གསར་སྐྲུན་མཉམ་ཤུགས་ཆགས་པར་བྱས་ཏེ། རྩོམ་རིག་གིས་དུས་རབས་ཀྱི་དར་སྲོལ་དར་སྤེལ་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་།  ཚོགས་ཡུན་ཉིན2ཡིན་པ་དང་།  དེའི་རིང་ད་དུང་གསར་རྩོམ་དཔྱད་བརྗོད་ཀྱི་ཡན་ལག་གླེང་སྟེགས་དང་།  མཉམ་འདྲེས་འཕེལ་རྒྱས་ཀྱི་ཡན་ལག་གླེང་སྟེགས།  དམངས་ཡོངས་ཀྱི་དཔེ་ཀློག་ཡན་ལག་གླེང་སྟེགས།  རིག་གནས་ཕྱི་རྒྱལ་དུ་བསྐྱོད་པའི་ཡན་ལག་གླེང་སྟེགས།  པར་དབང་སྲུང་སྐྱོབ་ཀྱི་ཡན་ལག་གླེང་སྟེགས།  གཞོན་ནུའི་ཡན་ལག་གླེང་སྟེགས་བཅས་ཡན་ལག་གླེང་སྟེགས་6སྤེལ་རྒྱུ་ཡིན་པ་དང་། དེ་བསྟུན་གྱི་ཆ་སྡེབ་མཉམ་འདྲེས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྐབས་འདིའི་ཚོགས་ཆེན་ནི་ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཏང་ཨུ་དྲིལ་སྒྲོག་པུའུ(པེ་ཅིན་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས)དང་།  ཀྲུང་གོའི་སྒྲ་བརྙན་དང་གྲངས་འཛིན་དཔེ་སྐྲུན་མཐུན་ཚོགས།  ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་དྲ་རྒྱའི་རྩོམ་རིག་ལྟེ་གནས།  ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང།  པེ་ཅིན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།