མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བདུན་ཅུ་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། 《ཞི་ཅིན་ཕིང་གི་གཞི་རིམ་བྱ་བའི་བྱེད་ཐབས་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》 ཅེས་པའི་འབྲེལ་ཡོད་ཚན་པར་སློབ་སྦྱོང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེན་ཁྲུན་གྱིས་འགོ་འཛིན་བྱས། ལོའུ་ཀང་དང་། ཝང་ཅེན་ཀྲེ། ཚེ་ཁྲིན་ཡུང་། ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་བསྟན་དོན། དུས་རབས་གསར་པའི་འཐབ་ལམ་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བཀོད་སྒྲིག་བླང་བྱ་ལེགས་པོར་སྒྲུབ་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་བསྐྲུན་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་གཏོང་བ། ཞིང་གསུམ་བྱ་བར་སྐུལ་འདེད་གཏོང་བ་སོགས་བླང་བྱ་གལ་ཆེན་གཙོར་བཟུང་སྟེ། དམངས་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱི་སྒོ་ནས། ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་དགོས་ལ། ལག་བསྟར་དང་དོན་འཁྱོལ་དམ་འཛིན་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་བའི་སྒོ་ནས་བྱ་བ་དོན་འཁྱོལ་དམ་འཛིན་བྱས་ཏེ། གཞི་རིམ་བྱ་བའི་དགོས་མཁོར་སྦྲེལ་མཐུད་གནད་འཁེལ་གྱིས་སློབ་སྦྱོང་བྱེད་དགོས་ལ། སློབ་སྦྱོང་ལས་ཐོབ་པའི་གྲུབ་འབྲས་ཅི་ཡོད་བྱ་བའི་དཀའ་གནད་སེལ་བ་དང་འགན་སྒྲུབ་ཀྱི་སྤུས་ནུས་མཐོར་འདེགས་གཏོང་བའི་སྟེང་མངོན་པར་བྱེད་དགོས། ལྟ་སྐུལ་དངོས་ཕན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་གནས་ཚུལ་ཆེད་དོན་འདྲི་ཞིབ་སྐོར་གྱི་གྲ་སྒྲིག་བྱ་བ་ཁག་ཏན་ཏིག་ཞིབ་ཚགས་ཀྱིས་ཡག་པོར་སྒྲུབ་དགོས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་ཚུལ་རྗེས་འདེད་སྒྲུབ་སྐུལ་བྱ་བ་ཤུགས་དྲག་ཏུ་བཏང་ནས། དམངས་ཆེན་ལྟ་སྐུལ་གྱི་གཏན་ཚིགས་དང་དངོས་འབྲས་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བྱས་ཏེ། གཟབ་ནན་གྱི་བླང་བྱ་དེ་ཉིན་རྒྱུན་བྱ་བའི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱེད་པ་མ་ཟད། སྤྱོད་ཚུལ་ལེགས་པོར་བརྟེན་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ལོན་པར་འགན་སྲུང་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།