ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་། སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམ་པ།
དུས་ཡུན་རིང་བོའི་ནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དེ་བྱ་བའི་འགོ་རྩོམ་ས་དང་རྐང་ཚུགས་ས་བྱས་ཏེ། དམངས་ཀྱི་རེ་ལྟོས་དང་སྲིད་ཀྱི་ཁ་ཕྱོགས་འཛིན་པའི་ཐོག་མའི་ལས་འགན་བརྟན་སྲུང་བྱས་ཤིང་། ལོ་རེ་བཞིན་སྐུལ་འདེད་རྒྱུན་སྐྱོང་དང་དུས་ནམ་ཡང་བྱས་རྗེས་འཇོག་པ་དོན་འཁྱོལ་བྱས་ལ། སེམས་ཤུགས་གཉིས་བཀོལ་གྱི་སྒོ་ནས་མང་ཚོགས་ཉེ་གམ་གྱི་སེམས་ཚེགས་དང་སེམས་ཁྲལ། སེམས་ཁུར་བཅས་སེལ་ཏེ། འཕེལ་རྒྱས་གྲུབ་འབྲས་ཀྱིས་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་གྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ལ་ཕན་པར་བྱས། 2026ལོར་ལག་བསྟར་བྱས་པའི་དམངས་འཚོའི་དོན་དངོས་བཟོ་སྐྲུན་ལས་གཞིའི་རིགས་ཆེན་པོ་བཅུའི་ལས་གཞི46ཐད་ཀྱི་འཕེལ་རིམ་བདེ་བླག་ཡིན་པས། ལོ་མཇུག་ཏུ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་ཐུབ།
2027ལོའི་དམངས་འཚོའི་དོན་དངོས་བཟོ་སྐྲུན་ལས་གཞི་སྔར་ལས་དམངས་སེམས་དང་མཐུན་ཞིང་། དམངས་སེམས་དང་བསྟུན་པ། དམངས་འཚོར་ཕན་པ་བཅས་ལ་ཁག་ཐེག་བྱེད་ཆེད། ཚང་མ་མུ་མཐུད་དུ་ཧུར་ཐག་གིས་ཟབ་ཞུགས་དང་རང་རང་གི་འདོད་བློ་བརྗོད་དེ། ཁྱེད་ཅག་གིས་དོ་ཁུར་དང་སྒྲུབ་འདོད་ཀྱི་རེ་བ་ཆེན་པོ་ཡོད་པའི་དམངས་འཚོའི་ལས་གཞི་འདོན་རྒྱུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནན་ཏན་གྱིས་ཞིབ་འཇུག་དང་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ། ཚང་མའི་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་གང་ལེགས་བྱེད་ཅིང་། འདེམས་སྒུག་ལས་གཞི་ཇུས་འགོད་ཞིབ་ཚགས་དང་། ཚན་རིག་དང་མཐུན་པར་རྩ་འཛུགས་ལག་བསྟར་བྱས་ནས། དམངས་འཚོར་ཕན་པའི་དོན་དག་རེ་རེ་བཞིན་དངོས་སུ་སྒྲུབ་པ་དང་། དམངས་སེམས་དྲོ་བའི་དོན་དག་ཞིབ་མོར་སྒྲུབ་པ། དམངས་འདོད་དང་བསྟུན་པའི་དོན་དག་ཡག་པོར་སྒྲུབ་པ་བཅས་ལ་ཁག་ཐེག་བྱས་ཏེ། དམངས་འཚོ་འཛུགས་སྐྲུན་སྔར་ལས་འདྲ་མཉམ་དང་དོ་མཉམ། ཀུན་ལ་ཕན་ཞིང་ལོངས་སུ་སྤྱོད་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན།
བསྡུ་ལེན་བྱེད་ཐབས་ནི། ཞིང་ཆེན་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་དང་།(དྲ་གནས:http://www.qinghai.gov.cn)མཚོ་སྔོན་སྲིད་དོན་ཞེས་པའི་སྐད་འཕྲིན་དང་པོད་འཕྲིན་དུ་ཐོ་འགོད་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་དམངས་འཚོའི་དོན་དངོས་བཟོ་སྐྲུན་གྱི་བསྡུ་ལེན་རྩ་གཉིས་ཨང་བཤེར་བཤེར་བ་བརྒྱུད་ནས་ཁྱེད་ཀྱི་བསམ་ཚུལ་དང་གྲོས་གཞི་འདོན་སྤྲོད་བྱས་ཆོག
བསྡུ་ལེན་གྱི་དུས་ཡུན་ནི། 2026ལོའི་ཟླ10པའི་ཚེས15ཉིན་ནས་ཟླ11པའི་ཚེས10ཉིན་བར་ཡིན།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་། ལུའོ་ཏུང་ཁྲོན་ནས།
2026ལོའི་ཟླ10པའི་ཚེས15ཉིན།