ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ལས་དོན། རྒན་གསོའི་ཞབས་ཞུ་སོགས་ཀྱི་བྱ་བ་གཙོ་བོར་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། དཀའ་ཁག་ཡོད་པའི་མང་ཚོགས་ཆིག་འབུམ་ཆིག་ཁྲི་ལ་སྤྱི་ཚོགས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་ལྔ་འབུམ་ལྔ་དང་ཁྲི་བརྒྱད་སྟོང་བདུན་དང་ལྔ་བརྒྱ་བྱིན་ནས་དམངས་འཚོའི་འགན་སྲུང་གི་ཚད་མཐའ་བརྟན་པོར་བསྲུངས།
གནད་འཁེལ་རོགས་སྐྱོབ་ཕྱོགས་ནས། མཚོ་ཤར་གྲོང་ཁྱེར་གྱིས་འགན་སྲུང་བྱེད་དགོས་པར་འགན་སྲུང་དང་། རོགས་སྐྱོབ་བྱེད་དགོས་པར་རོགས་སྐྱོབ། འགན་སྲུང་བྱེད་མི་དགོས་པ་ཁྱབ་ཁོངས་སུ་མི་ལེན་པ་བཅས་ཀྱི་རྩ་དོན་ལྟར། མཁར་གྲོང་གི་དམའ་སྲུང་དང་དམིགས་བསལ་དཀའ་ཁག་ཡོད་པའི་མི་སྣ། གནས་སྐབས་རོགས་སྐྱོབ། དམའ་སྲུང་མཐའ་གནས་ཁྱིམ་ཚང་། སྤྱིར་བཏང་འགྲོ་སོང་ལ་དཀའ་ཁག་ཡོད་པའི་ཁྱིམ་ཚང་བཅས་ཀྱི་ཁས་ལེན་བརྒྱུད་རིམ་ཚད་ལྡན་དུ་བཏང་བ་དང་། ཆ་འཕྲིན་ཅན་གྱི་སྟེགས་བུར་བརྟེན་ནས། དྲ་ངོས་ཀྱི་གཞི་གྲངས་ཆེན་མོའི་སྔོན་བརྡ་དང་ཡུལ་དངོས་ཀྱི་དྲ་བ་ཅན་གྱི་གྲལ་བཤེར་གཉིས་མཉམ་འབྲེལ་མཉམ་བསྟར་གྱི་ལམ་སྲོལ་བཙུགས། དྲ་ངོས་སུ་འགན་སྲུང་ཁྱབ་ཁོངས་སུ་འཇོག་ནོར་བྱུང་བ་དང་བཞག་མེད་པའི་སྔོན་བརྡའི་གཞི་གྲངས་བརྒྱུད་བསྐུར་དང་། ཡུལ་དངོས་སུ་གྲལ་བཤེར་ཚན་ཆུང་བརྒྱ་དང་གཉིས་སྒྲིག་འཛུགས་བྱས་ལ། གྲོང་ཁྱེར་རིམ་པའི་ཆེད་དམིགས་ལྟ་ཞིབ་དང་རྫོང་རིམ་པའི་རིམ་སྤར་ལེབ་བཤེར། རྒྱུན་རྣམ་ཅན་གྱི་ཞིབ་བཤེར་བཅས་མཉམ་འབྲེལ་གྱི་རྣམ་པ་སྤྱད་དེ། དྲ་སྦྲེལ་རྣམ་པས་མི་ཆིག་འབུམ་ཆིག་ཁྲི་ལྷག་ལ་གྲལ་བཤེར་བྱས།
དེ་དང་མཉམ་དུ། དམངས་སྲིད་གཞི་གྲངས་ཆེན་མོའི་ཞིབ་བསྡུར་སྟེགས་བུས་སྡེ་ཁག་བཅུ་དགུ་དང་རྨང་གཞིའི་གཞི་གྲངས་རིགས་ཞེ་དགུ་ལ་མཉམ་འགུལ་བྱས་ཏེ། དབུལ་ཐར་གཏན་འཇགས་མིན་པའི་ཁྱིམ་ཚང་དང་མཐའ་གནས་དབུལ་འགྱུར་སླ་བའི་ཁྱིམ་ཚང་། གློ་བུར་གནོད་འཚེས་དཀའ་ཁག་ཚབས་ཆེན་ཐེབས་པའི་ཁྱིམ་ཚང་བཅས་ལ་རྒྱུན་རྣམ་ཅན་གྱིས་གཞི་གྲངས་ཆ་འཕྲིན་ཆིག་འབུམ་བཞི་ཁྲི་ལྷག་ཞིབ་བསྡུར་བྱས་པ་དང་། ཆ་རྐྱེན་དང་འཚམ་པའི་དཀའ་ཁག་ཡོད་པའི་མང་ཚོགས་དུས་ལྟར་རོགས་སྐྱོབ་ཁྱབ་ཁོངས་སུ་བཞག་སྟེ། གཞི་ཁྱོན་ཅན་གྱི་ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁ་མཐའ་གཅིག་ཏུ་འགོག་ཟོན་བྱས། རིམ་དབྱེ་རིགས་དབྱེའི་རོགས་སྐྱོར་གྱི་སྲིད་ཇུས་གསལ་ཐོ་དང་བདེ་སྐྱིད་གསལ་ཐོ་ཆ་ཚང་བཏོན་ནས། འགོ་ཁྲིད་ལས་བྱེད་པས་གྱོད་གཞི་ཐག་གཅོད་པའི་འཕྲིན་བཅར་བྱ་བའི་ལམ་སྲོལ་འཐུས་ཚང་བཙུགས།
དེ་ལས་གཞན། མཚོ་ཤར་གྲོང་ཁྱེར་གྱིས་དམངས་སྲིད་ཁྱབ་ཁོངས་ཀྱི་དམ་ལྷོད་ཞབས་ཞུའི་བསྒྱུར་བཅོས་ཟབ་སྤེལ་དང་། དམའ་སྲུང་མཐའ་གནས་ཁྱིམ་ཚང་དང་སྤྱིར་བཏང་འགྲོ་སོང་ལ་དཀའ་ཁག་ཡོད་པའི་ཁྱིམ་ཚང་ཞིབ་བཤེར་གཏན་འབེབས་དབང་ཚད་ཞང་དང་གྲོང་རྡལ་ལ་སྤྲད་དེ། རེ་ཞུའི་རྒྱུ་ཆ་སྙིང་བསྡུས་དང་ཞིབ་མཆན་འགོད་པའི་ལས་རིམ་ཁུ་བསྡུ། དམའ་སྲུང་དང་སྤྱིར་བཏང་འགྲོ་སོང་ལ་དཀའ་ཁག་ཡོད་པའི་ཁྱིམ་ཚང་ངོས་འཛིན་གཏན་འཁེལ་ལས་སྒྲུབ་དུས་ཡུན་ཉིན་ཉི་ཤུར་ཇེ་ཐུང་དུ་བཏང་། འཕྲིན་བཅར་རེ་ཞུའི་བརྒྱུད་ལམ་གེགས་མེད་ཡོང་བར་བྱས་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་འཕྲིན་བཅར་རེ་འདུན་དང་ལེན་དང་ཐག་བཅད་དེ། གནད་དོན་ཐག་གཅོད་ཚད་བརྒྱ་ཆའི་གོ་དྲུག་ལས་བརྒལ་བ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་ཡིད་ཚིམ་ཚད་སྔར་ལས་ཇེ་ཆེར་བཏང་།