ད་ལོར་མཚོ་ཤར་གྲོང་ཁྱེར་གྱིས་འགན་འཁྲི་རྒྱུན་མཐུད་ངང་ནན་དཀྲི་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བཏང་སྟེ། ཟླ10པའི་ཚེས13ཉིན་བར། གྲོང་ཁྱེར་ཡོངས་སུ་དབུལ་ཐར་དང་དེ་བཞིན་ལྟ་ཞིབ་ཚད་ལེན་བྱས་པའི་ངལ་རྩོལ་ནུས་ཤུགས་ཞོར་ལས་སུ་སོང་ནས་ལས་ཞུགས་བྱས་པ་མི་ཐེངས་བརྒྱད་ཁྲི་ཉིས་བརྒྱ་སོ་ལྔ་ཡོད་པ་དང་། ལོ་འཁོར་གྱི་དམིགས་འབེན་ལེགས་གྲུབ་ཚད་བརྒྱ་ཆའི་བརྒྱ་དང་བཅུ་བདུན་གྲངས་ཆུང་དྲུག་ལྔ་ལ་སླེབས། རིམ་རྩིས་བྱས་ན་ཉམས་ཉེན་སེལ་ཚད་ཁྱིམ་ཚང་དྲུག་སྟོང་ཉིས་བརྒྱ་ལྔ་བཅུའི་མི་ཉིས་ཁྲི་ལྔ་སྟོང་བཞི་བརྒྱ་སུམ་ཅུར་སླེབས། ཉམས་ཉེན་སེལ་ཚད་བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་དྲུག་ལ་སླེབས་ནས། འོས་འགན་སློབ་གསོ་དང་སྨན་བཅོས། སྡོད་ཁང་། འཐུང་ཆུ་སོགས་འགན་སྲུང་བྱས་པའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་ཞིང་། ཏན་ཏིག་ཕན་འབྲས་ལྡན་པར་གྱུར་ཏེ། གྲོང་ཁྱེར་ཡོངས་སུ་གཞི་ཁྱོན་རང་བཞིན་གྱི་དབུལ་བོར་བསྐྱར་ལོག་དང་དབུལ་བོར་འགྱུར་བའི་ཉམས་ཉེན་བྱུང་མེད།
སློབ་གསོ་དང་སྨན་བཅོས་འགན་སྲུང་ཐད་ནས། 2026ལོའི་དཔྱིད་དུས་སློབ་སྐབས་སུ་མཚོ་ཤར་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་སློབ་མ་ཚང་མས་དུས་ལྟར་མིང་ཐོ་བཀོད་དེ། བྱོལ་འགོག་སློབ་སྲུང་གི་འགུལ་རྣམ་གཙང་སེལ་བྱས། སྨན་ཁང་དུ་ཞག་སྡོད་བྱས་ཚེ་སྔོན་ལ་བརྟག་དཔྱད་དང་རྗེས་སུ་སྨན་རིན་སྟེར་བ་དང་། ས་ཚིགས་གཅིག་ཅན་གྱི་ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ། རིམ་རྩིས་བྱས་ན་མི་ཐེངས་ཆིག་འབུམ་བདུན་ཁྲི་ལྔ་སྟོང་སུམ་བརྒྱ་ལ་ཕན་ཐོགས་ཡོད། ནད་རིགས་ཚབས་ཆེན་སོ་ལྔ་ཕོག་པ་ངོས་འཛིན་བྱས་པའི་ནད་པ་བདུན་སྟོང་ཆིག་བརྒྱ་སོ་ལྔར་སྨན་བཅོས་བྱེད་དགོས་པ་ཚང་མར་སྨན་བཅོས་བྱས་པ་དང་། གཅོང་ནད་རིགས་བཞི་ཕོག་པའི་ནད་པ་ཉིས་ཁྲི་བཞི་སྟོང་སོ་བདུན་ལ་ཁྱིམ་ཚང་སྨན་པའི་གན་རྒྱ་བཞག་པ་ཡོངས་སུ་ཁྱབ་པར་བྱས། སྡོད་ཁང་དང་འཐུང་ཆུའི་བདེ་འཇགས་ཐད་ནས། ཁྱིམ་ཚང62ལ་རོང་འབྲོག་པའི་ཉེན་ཁང་དང་ཡོམ་འགོག་བསྒྱུར་བཀོད་ལས་འགན་སྤྲད་པ་དང་། ཁྱིམ་ཚང56གིས་ལེགས་གྲུབ་བྱས་ཡོད། སྲིད་འཛིན་སྡེ་བ1587གྱི་འཐུང་ཆུའི་བདེ་འཇགས་ལ་ཁྱོན་ཡོངས་ནས་ལེབ་བཤེར་བྱས་ཏེ། ཞིང་སྡེའི་རང་འབབ་ཆུ་ཁྱབ་གདལ་བཏང་ཚད99.6%ལ་སླེབས།
ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ཐད་ནས། ལྟ་ཞིབ་ཚད་ལེན་བྱེད་དགོས་པ་ཡོངས་ལ་ལྟ་ཞིབ་ཚད་ལེན་བྱས་ཤིང་། རོགས་སྐྱོར་བྱེད་དགོས་པ་ཡོངས་ལ་རོགས་སྐྱོར་བྱས། ཁྱིམ་ཚང་རེ་རེ་བཞིན་ཁྱིམ་ཚང་རེར་ཇུས་ཆོད་གཅིག་གི་རོགས་སྐྱོར་འཆར་གཞི་གཏན་འབེབས་བྱས་ནས། རིམ་རྩིས་བྱས་ན་ཐོན་ལས་རོགས་སྐྱོར་ཁྱིམ་ཚང5861དང་ལས་ཞུགས་རོགས་སྐྱོར་ཁྱིམ་ཚང4199། བདེ་ཐང་རོགས་སྐྱོར་ཁྱིམ་ཚང8191བཅས་ཡོད། ཕྱོགས་བསྡུས་འགན་སྲུང་རང་བཞིན་གྱི་བྱེད་ཐབས་སྤྱད་པའི་ཁྱིམ་ཚང6965ཡོད། ལས་རྐང་གཏན་འཇགས་དང་ལས་ཞུགས་ཐད་ནས། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་དབུལ་ཐར་དང་ལྟ་ཞིབ་ཚད་ལེན་བྱས་པའི་ངལ་རྩོལ་ནུས་ཤུགས་ཞོར་ལས་སུ་སོང་ནས་ལས་ཞུགས་བྱས་ཚད་མི་ཐེངས་བརྒྱད་ཁྲི་ཉིས་བརྒྱ་སོ་ལྔར་སླེབས་ཏེ། ཞིང་ཆེན་བརྒལ་ནས་ཞོར་ལས་བྱེད་པའི་མི་སྣ་ཆིག་ཁྲི་སུམ་སྟོང་དྲུག་བརྒྱ་ཉེར་གཅིག་ལ་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་རོགས་དངུལ་སྒོར་བྱེ་བ་གཅིག་ས་ཡ་གསུམ་དྲུག་འབུམ་ཉིས་ཁྲི་ཆིག་སྟོང་བྱིན། འོད་བརྟེན་སྤྱི་ཕན་རང་བཞིན་གྱི་གཏན་འཇགས་ལས་རྐང5659ཚད་ལྡན་དང་དོ་དམ་བྱས། དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་མི4531། སྤྱིར་བཏང་ཁྱིམ་ཚང་གི་མི་1128ཐག་ཉེར་བདེ་འགོད་བྱས། གྲོང་ཁྱེར་ཡོངས་སུ་རོགས་སྐྱོར་འཁོར་ཁང231གིས་མི6158ཀྱི་ལས་ཞུགས་བསྡུ་ལེན་བྱས། རོགས་སྐྱོར་འཁོར་ཁང12གསར་དུ་བསྣན་པ་དང་མི227གྱི་ལས་ཞུགས་གསར་དུ་འཕར། ཡུལ་གཞན་གནས་སྤོར་གྱི་ངལ་རྩོལ་ནུས་ཤུགས་ཡོད་པའི་ཁྱིམ་ཚང་གི་ཞོར་ལས་མི་སྣ་ཆིག་ཁྲི་བཞི་བརྒྱ་བཅུ་དགུ་ལས་ཞུགས་བྱས་ཏེ། ལོ་འཁོར་གྱི་དམིགས་འབེན128%ལེགས་གྲུབ་བྱུང་།