ཟླ་སྔོན་མ8ཀྱི་རིང་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དུས་མཉམ་ལས7.9%འཕར་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2026ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར50701.6(དམངས་སྒོར། གཤམ་དུའང་དམངས་སྒོར་ཡིན)ཟིན་པ་དེ་དུས་མཉམ་ལས7.9%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར19996.1ཟིན་ནས14.8%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར30705.5ཟིན་ནས3.8%འཕར་ཡོད། ཞབས་ཞུའི་ཉོ་ཚོང་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་སྒོར་དུང་ཕྱུར10709.4ཟིན་པ་དེ་དུས་མཉམ་ལས་སྒོར་དུང་ཕྱུར1451.2ཉུང་དུ་ཕྱིན་ཡོད། གཙོ་བོ་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ། 

ཡུལ་སྐོར་དང་སྐྱེལ་འདྲེན་ཞབས་ཞུ་ཕྱིར་གཏོང་གིས་སྤྱི་ཡོངས་ཀྱི་ཞབས་ཞུ་ཕྱིར་གཏོང་འཕར་བར་ལེགས་སྐྱེས་འབུལ་ཚད50%ཙམ་ཟིན་ཡོད། ཟླ་དང་པོ་ནས་བརྒྱད་པའི་བར་ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་སྒོར་དུང་ཕྱུར2751.7ཟིན་ནས15.3%འཕར་བ་དང་། སྐྱེལ་འདྲེན་ཞབས་ཞུའི་ཕྱིར་གཏོང་སྒོར་དུང་ཕྱུར4202.6ཟིན་ནས28.2%འཕར་ཡོད། ཡུལ་སྐོར་དང་སྐྱེལ་འདྲེན་ཞབས་ཞུ་ཕྱིར་གཏོང་གིས་སྤྱི་ཡོངས་ཀྱི་ཞབས་ཞུ་ཕྱིར་གཏོང་འཕར་བར་ལེགས་སྐྱེས་འབུལ་ཚད་སོ་སོར14.1%དང35.8%ཟིན་ཡོད།

ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་གི་བསྡུར་ཚད་ཕྱེད་ཀ་ལས་བརྒལ་ཡོད། ཟླ་དང་པོ་ནས་བརྒྱད་པའི་བར། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར22314ཟིན་ནས6.6%འཕར་བ་དེས་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི44%བཟུང་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར10744.7ཟིན་ནས10.9%འཕར་བ་དེས་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་ཀྱི53.7%བཟུང་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།