ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་འགྲེམ་ཚོགས་སྐབས140པར་ཤིས་འཕྲིན་སྤྲིངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་འགྲེམ་ཚོགས་སྐབས140པར་ཤིས་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀོང་ཀྲོའུ་རུ་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་འགྲེམ་ཚོགས་བཙུགས་ནས་བསྡུས་པའི་ལོ70འཁོར་བའི་རིང་། ཀྲུང་ཕྱིའི་ཉོ་ཚོང་འགྲོ་འོང་ལ་སྐུལ་སྤེལ་གཏོང་བའི་ཐད་ནས་ནུས་པ་གལ་ཆེན་ཐོན་ཏེ། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བསྐྱེད་པ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ནུས་ལྡན་ཞིག་ཏུ་གྱུར་ཡོད། གནས་བབ་གསར་པའི་འོག  ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གཏན་འཇགས་ངང་འཁོར་རྒྱུག་ཐུབ་པར་འགན་སྲུང་བྱེད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་གཉིས་ཕན་མཉམ་ལས་ཀྱི་བར་སྟོང་རྒྱ་སྐྱེད།  ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་བཅས་བཏང་སྟེ།  འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་བ་སྩོལ་འདོད་ཡོད།

ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་འགྲེམ་ཚོགས་སྐབས 140པ་ཚེས14ཉིན་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ནས་འགོ་བརྩམས་པ་དང་། ཚོང་དོན་པུའུ་དང་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།