གཙང་ཆབ་སྔོན་མོ་རྨ་སྟོད་ཡུལ་དུ་བབས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྨ་ཆེན་གངས་རི།

2026ལོའི་ཟླ8པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་འབྱམས་ཀླས་པའི་སྤང་ཐང་དང་རང་བྱུང་གི་བརླན་སར་བྱ་རིགས་སྣ་ཚོགས་གང་སར་འཕུར་ཏེ་མཐོ་སྒང་ཡོངས་སུ་སྐྱེ་སྟོབས་ཀྱིས་ཁེངས་འདུག

དེ་ནི་རྨ་ཆུའི་མགོ་ཁུངས་ཀྱི་ཆུ་ཁུངས་གཙོ་བོ་དང་རྨ་ཀླུང་ཕྱུག་མོ་འབབ་རྒྱུད་ཀྱི་རྫོང་ཁག་གཙོ་བོ་དེ་ཡིན།

ཐང་སྟོང་དུ་ལུས་པའི་ས་གཞི་དེར་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོའི་ཆེས་ཐོག་མའི་ཁྲག་རྒྱུན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དུ་བཞག་ཅིང་། རྨ་སྟོད་རྫོང་གིས“རྨ་ཆུའི་སྟོད་རྒྱུད་ཀྱི་འགན་འཁྲི”ཁུར་བཞེས་ཀྱིས“རྨ་ཀླུང་ཕྱུག་མོའི”དུས་རབས་ཀྱི་རྒྱུགས་ལན་བརྩམས།

དགུན་དུས་ཀྱི་མཚོ་སྐྱ་རེངས།

རྩྭ་རྐང་གཅིག་རྨ་ཡུལ་མགོ་ལོག་ཏུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས།

རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོའི་མངའ་ཁོངས་ཀྱི་རྩྭ་ས་ཞན་འགྱུར་བཅོས་སྐྱོང་འཛུགས་སྐྲུན་ལས་གཞིའི་མཁའ་ཁོངས་སུ། ད་ལོའི་ཟླ5པར་བཏབ་པའི་རྩྭའི་ས་བོན་སྐྱེས་ནས་ལི་སྨི་གསུམ་བཞི་ཙམ་གྱི་མཐོ་ཚད་ཡོད།

རྩྭ་རྐང་ཞིག་མཚོ་འཕགས་སྨི4000ཡན་གྱི་མཐོ་སྒང་དུ་རྩ་བ་ཚུགས་ཐུབ་པ་ལས་སླ་མོ་ཞིག་ག་ལ་ཡིན།

རྨ་ཆུའི་མགོ་ཁུངས་གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་ལས་གཞི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཁྲེན་ཧྲོའུ་ཡིས་གསར་འགོད་པར་བཤད་རྒྱུར། བུལ་རྩྭ་དང་ལུག་རྩྭ། སྔ་སྨིན་རྩྭ་བཅས་ནི་རྨ་སྟོད་རྫོང་གི་རྩྭ་ས་ཞན་འགྱུར་བཅོས་སྐྱོང་ཁྲོད་སྐྱེས་ཚད་དང་ཁེབས་ཚད་ཆེས་ལེགས་པའི་རྩྭ་རིགས་ཤིག་ཡིན། རྩྭ་རིགས་དེ་གསུམ་པོའི་སྔོ་མྱུག་གི་རྩ་བ་སྐྱེས་ཚད་ལེགས་ཁར་ས་ཆུའི་བཅུད་ཤོར་ཚད་ནུས་ལྡན་སྒོས་སྔོན་འགོག་བྱེད་པ་མ་ཟད། གོར་ཐུག་མན་གྱི་ཧྲེ་ཧྲི་ཏུའུ30ནས་ཀྱང་བདེ་འཇགས་ངང་དགུན་བསྐྱལ་ཐུབ་པའི་ཁྱད་ཆོས་ལྡན་ཟེར།

ད་ལོར། རྨ་སྟོད་རྫོང་རྨ་ཡུལ་ཡུལ་ཚོ་དང་མཚོ་སྐྱ་རེངས་ཡུལ་ཚོ་རུ་སྤྱི་ཆིང4666.67གྱི་སྐྱེ་ཁམས་སླར་གསོ་ལས་གཞི་ལག་ཏུ་བསྟར། ཁྲེན་ཧྲོའུ་ཡིས་དང་ལས་གྲོགས་ཀྱིས་གཟའ་འཁོར་རེར་ཡུལ་དངོས་སུ་སོང་ནས་ཞིབ་བཤེར་བྱས་ཏེ་ལྟ་ཞིབ་ཚད་ལེན་བྱ་བ་ལེགས་པོར་བསྒྲུབས།

ད་སྔ་སྔོ་རྩྭའི་སྐྱེས་ཚད་ཅུང་ལེགས་ནའང་། མཐོ་སྒང་གི་གྲང་ངར་ཆེ་བའི་ཁོར་ཡུག་ཏུ་སླར་གསོའི་དུས་ཡུན་ཅུང་རིང་སྟབས། མ་ལག་བཅོས་སྐྱོང་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དེ་སྔར་བཞིན་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས།

གཉན་ཁྱུ།

རྩྭ་རྐང་གཅིག་གི་རྩ་བ་འཁྱགས་སར་ཟུག་ནས་ཉམ་ཆུང་གི་ཚེ་སྲོག་ཕྲ་མོ་ཞིག་དང་འདྲ་ནའང་དེས་མཐོ་སྒང་དུ་ས་ཆུའི་འགོག་སྲུང་གི་དྲ་རྒྱ་འཐེན་ཐུབ། གྲང་རེག་བཟོད་ཐུབ་པའི་སྔོ་རྩྭའི་རིགས་དེ་དག་གིས་རྩྭ་ས་ཞན་འགྱུར་གྱི་སྣང་ཚུལ་སླར་ལྗང་མདོག་ཏུ་གསོ་ཐུབ་པར་མ་ཟད། ས་ངོས་ཀྱི་ས་རྒྱུ་གཤིན་པོ་སྔར་ལས་བརྟན་པོར་བཟོས་ཏེ་ས་ཆུའི་བཅུད་ཉམས་ཚད་ཇེ་ཉུང་དུ་གཏང་ཐུབ་ཅིང་། དྭངས་གཙང་གི་ཆུ་ཐིགས་རེ་རེ་སྔོ་རྩྭའི་སྲུང་སྐྱོབ་འོག་ཤར་དུ་རྒྱུགས་ཐུབ།

ཉེ་བའི་ལོ་འདི་འགར། རྨ་ཡུལ་གླིང་ཁུལ་གྱི་སྐྱེ་དངོས་ཀྱི་ཁེབས་ཚད68.7%ལ་སླེབས་པ་དང་། ས་ནག་བཅོས་སྐྱོང་ཁུལ་གྱི་སྐྱེ་དངོས་ཀྱི་ཁེབས་ཚད20%ནས80%ནས་སླེབས་ཡོད། སྔོན་ཆད་ཞན་འགྱུར་དུ་སོང་བའི“མཚེའུ་སྟོང་འདུས་རྫོང”ཡང་སྔོ་ཞིང་ལྟེམས་མར་འཁྱིལ་ཏེ་སྙན་ངག་ལྟ་བུའི་རང་བྱུང་གི་བཀོད་པ་ཞིག་ལྷུན་གྱིས་གྲུབ་ཡོད།

འཐབ་ཇུས་བཀོད་སྒྲིག་གཅིག་གིས་སྐྱེ་ཁམས་ཀྱི་སྲུང་ཡོལ་སྲ་བརྟན་དུ་བཏང་།

རྨ་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་འཕྲེད་ཚད་མང་ཞིང་ཁྱབ་ཁོངས་ཡོངས་ཀྱི་མ་ལག་བཟོ་སྐྲུན་ཞིག་ཡིན།

མཚོ་སྐྱ་རེངས་ཡུལ་ཚོ་རུ་དཀའ་ཚེགས་ཆེ་བའི་ས་ནག་བཅོས་སྐྱོང་གི་བཟོ་སྐྲུན་ལས་གཞི་སྤེལ་སྒང་ཡིན།

ས་ནག་ནི་མཐོ་སྒང་གི་རྩྭ་ས་ཞན་འགྱུར་ཚབས་ཆེ་བའི་སྣང་ཚུལ་ཞིག་སྟེ། གཟར་ངོས་ཀྱི་ས་ཤུན་སྲབ་ཅིང་གཟར་ཚད་ཆེ་ཁར་རྒྱུན་ལྡན་གྱི་བཅོས་སྐྱོང་ཐབས་ཀྱིས་སླར་གསོ་བྱེད་དཀའ།

ན་ནིང་གི་ཟླ5པའི་ཟླ་སྟོད་ལ་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ་གཙོ་བོ་ས་ནག་བཅོས་སྐྱོང་གི་ལས་གཞི་བསྒྲུབས་ཏེ། མཚོ་སྐྱ་རེངས་ཡུལ་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་ཁྲོད་སྤྱི་ཆིང3333.33གྱི་བཅོས་སྐྱོང་ལས་གཞི་ལེགས་པར་གྲུབ།

མཐོ་སྒང་གི་ས་གཞི་ཆེན་མོ།

ཆེད་དམིགས་རང་བཞིན་གྱི་བཅོས་སྐྱོང་བརྒྱུད། གཟར་ངོས་ཀྱི་རྩྭ་ས་ཞན་འགྱུར་གྱི་གནད་དོན་ནུས་ལྡན་སྒོས་བཅོས་སྐྱོང་བྱས་ཏེ།  བཅོས་སྐྱོང་ཁྱབ་ཁོངས་ཀྱི་སྐྱེ་དངོས་སླར་སོས་ཚད་མངོན་དུ་གསལ་ཞིང་། ས་ཆུའི་རྒྱུན་འཁྱོངས་ནུས་པ་སྔར་ལས་ཇེ་དྲག་ཏུ་ཕྱིན་ཡོད།

2023ལོའི་ཚུན་ལ། རྨ་ཆུའི་མགོ་ཁུངས་གླིང་ཁུལ་ལས་གཞི་གཞུང་སྒྲུབ་ཁང་གིས་ཁྱོན་བསྡོམས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་གཞི12ལག་ཏུ་བསྟར་ཅིང་། བསྡོམས་པས་མ་དངུལ་སྒོར་ཁྲི26458.13གྱི་མ་རྩ་བཏང་། ལས་གཞིའི་ཁྲོད་རྩྭ་ས་ཞན་འགྱུར་བཅོས་སྐྱོང་དང་བྱེ་འགྱུར་བཅོས་སྐྱོང་། བརླན་ས་སྲུང་སྐྱོབ་སླར་གསོ། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས། གློག་རྡུལ་དྲ་རྒྱའི་ལྟ་ཞིབ་ཚད་ལེན། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ནུས་པ་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོ་ཞིག་ཚུད་ཡོད་སྟབས། ཕྱོགས་ཡོངས་དང་རིམ་པ་མང་པོའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་མ་ལག་ཅིག་འགྲུབ་ལ་ཉེ།

2025ལོར་ལག་བསྟར་བྱས་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞིའི་ཁྲོད་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་ཚད་སྤྱི་ཆིང་ཁྲི10ལྷག་ལེགས་འགྲུབ་བྱས། ལྗང་མདོག་འགོག་བཅོས་དང་ཚན་རིག་དང་མཐུན་པའི་འགོག་བཅོས་རྒྱུན་འཁྱོངས་བྱས་སྟབས། ཨ་བྲའི་གནོད་པ་ནུས་ལྡན་སྒོས་ཚོད་འཛིན་བྱས་ཏེ། རྩྭ་ཐང་གི་སྔོ་ཁེབས་ལ་སྲུང་སྐྱོབ་བྱས་པ་དང་རྩྭ་ཐང་གི་སྐྱེ་ཁམས་ཅུང་ལེགས་པའི་སྒོ་ནས་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བྱས།

གཉན་པོ་གཡུ་རྩེའི་མཛེས་ལྗོངས།

རྨ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི། རྨ་ཆུའི་ཆུ་མགོ་ཁུངས་གླིང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀུའོ་ཧྥུང་ཧུའེ་ཡིས་གསར་འགོད་པར་བཤད་རྒྱུར། གླིང་ཁུལ་ཏང་ཨུ་དང་དོ་དམ་ཅུས་ཀྱིས་ཆེད་དོན་ལས་དོན་མགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། དུས་བཀག་ལྟར་ཞིབ་འཇུག་བཀོད་སྒྲིག་བྱས་ནས་མགོ་ཁྲིད་གཙོ་བོས་དངོས་སུ་སྣེ་ཁྲིད་དེ་འགན་འཁྲི་ལག་བསྟར་དང་ལས་བགོས་འགན་གཉེར་མགོ་ཁྲིད་ཀྱིས་ཞིབ་ཕྲའི་འགན་འཁྲི་ལག་བསྟར་བྱེད་པ། སྡེ་ཁག་སོ་སོས་མཉམ་དུ་སྐུལ་འདེད་སྒོས། རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ། རྩྭ་ས། བྱེ་མ་དང་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཡོད་ཅེས་བཤད།

རི་ཀླུང་གིས་རྨ་ཡུལ་གྱི་ཚེ་སྲོག་གསར་པར་བདེན་དཔང་བྱས།

ཟླ8པའི་ཚེས20ཉིན། བཅར་འདྲིའི་ལམ་སྐབས་སུ་གསར་འགོད་པས་རྨ་སྟོད་རྫོང་དུ་རྐྱང་ཁྱུ་ནོར་ལུག་ལ་འདྲེས་ནས་མཉམ་དུ་བག་ཡངས་ཀྱིས་རྒྱུ་བཞིན་གཟན་རྩྭ་ལ་རོལ་པ་མཐོང་།

མཚོ་སྐྱ་རེངས་ཡུལ་ཚོ་གྲོ་རེངས་སྡེ་བར་སླེབས་དུས་གནས་གཤིས་ཧ་ཅང་བཟང་།  རྨ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་རྨ་ཆུའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་བྱས་པར་བརྟེན། གནས་དེའི་མཚེའུའི་རྒྱས་ཚད་ལེགས་ཁར་ཆུའི་སྐྱེ་ཁམས་བརྟན་བརླིང་གིས་སླར་གསོ་བྱེད་ཐུབ་པ་བྱུང་།

སྐར་ཚོགས་ལྟར་བཀྲ་བའི་མཚེའུའི་ངོགས་སུ་རྩྭའི་སྐྱེས་ཚད་བཟང་ཞིང་ཆུ་བྱ་མཆུ་དམར་སོགས་རི་སྐྱེས་ཆུ་བྱ་སྣ་ཚོགས་ཀྱང་གནས་དེར་འཚོ་སྡོད་བྱས་ཡོད།

འཁྱགས་རོམ།

དེ་ནི་སྟེས་དབང་ཞིག་མ་ཡིན་པར་སྐྱེ་ཁམས་སླར་གསོ་བྱས་པའི་གྲུབ་འབྲས་རེད།

འདས་པའི་ལོ་ལྔའི་རིང་། རྨ་སྟོད་རྫོང་གི་སྔོ་ཁེབས་ཚད56.38%ལ་སླེབས་ཡོད་ཅིང་། རྨ་ཆུའི་མགོ་ཁོངས་སུ“ངོ་མཚར་བའི་མཚེའུ་སྟོང”གི་སྐྱེ་ཁམས་སླར་སོས་ཡོད། སྐྱེ་ཁམས་བདག་སྐྱོང་པ3710ཡི་ལོ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི2.16ཡོད་སྟབས་སྐྱེ་ཁམས་སྲུང་སྐྱོབ་དང་མང་ཚོགས་ཀྱི་ཡོང་འབབ་གཉིས་ཀར་ཕན་འབྲས་ཆེན་པོ་ཐོབ་ཡོད།

མདོ་དབུས་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་དབང་གིས་ཨེ་ཤ་ཡའི་དུས་རླུང་འགྱུར་ལྡོག་དང་གོ་ལའི་འཁྱགས་རོམ་དོ་མཉམ་དང་རྒྱལ་ཁོངས་བརྒལ་པའི་གཙང་པོའི་ཆུ་དཔྱད་བདེ་འཇགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཁར། མཚོ་སྔོན་ཁོ་ནའི་འགན་འཁྲི་ཙམ་མ་ཡིན་པར། རྒྱལ་ཁབ་ཀྱི་འཐབ་ཇུས་དང་གོ་ལའི་ཞིབ་འཇུག་བྱ་གཞི་ཞིག་ཀྱང་ཡིན།

བ་ཡན་ཧ་རིའི་ཡག་གི་རྩང་ལེ་གཤོང་སའི་ཆུ་ཐིགས་རེ་རེ་མཐོ་སྒང་གི་བརླན་ས་དང་འཁྱགས་རོམ་ཞུ་བའི་ཆུ་ཕྲན་ལ་འདྲེས་ཏེ། ཀྲུང་ཧྭའི་མ་ཡུམ་གཙང་པོའི་སྙིང་གི་འཕར་རྩ་མཐོ་སྒང་འདིའི་ཕང་བར་ལྡིང་མགོ་བརྩམས་སོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།