ད་ལོའི་ཟླ1པོ་ནས་ཟླ9པའི་བར་རང་རྒྱལ་གྱི་མཁར་གྲོང་དུ་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་ཁྲི1052ཡོད་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས"‘ལོ་ལྔའི་འཆར་འགོད་བཅོ་ལྔ་པའི’མགོ་ལེགས་པོར་རྩོམ་པའི"བརྗོད་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ངོ་སྤྲོད་བྱས། 

ད་ལོའི་ཟླ1པོ་ནས་ཟླ9པའི་བར་དུ། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་སྣོན་བྱུང་བའི་ལས་ཞུགས་མི་སྣ་ཁྲི1052ཟིན་པ་དང་ལོ་ཧྲིལ་བོའི་དམིགས་ཚད་ཀྱི87.7%ལེགས་འགྲུབ་བྱུང་བ་དང་། ཟླ་སྔོན་མ་བརྒྱད་ནང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་ཚད་གཞིའི་ཆ་སྙོམས་ཀྱིས5.2%ཟིན་པས། ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན། མ་འོངས་པར། རྒྱལ་ཁབ་ཀྱིས་ད་དུང་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་རྒྱབ་སྐྱོར་འཆར་གཞི་དང་། བབ་བསྟུན་ལས་ཀ་བྱེད་མཁན་དང་ལས་རིགས་རྣམ་པ་གསར་པ་གཉེར་མཁན་གྱི་ལས་ཞུགས་སྤུས་ཀ་མཐོར་འདེགས་འཆར་གཞི་ལག་བསྟར་བྱ་རྒྱུ་དང་། མིས་བཟོས་རིག་ནུས་གོང་འཕེལ་དང་མཐུན་པའི་ལས་ཞུགས་བྱ་སྤྱོད་དང་། "ལག་རྩལ་གྱིས་མདུན་ལམ་གསལ་བར་བྱེད་པའི"སྦྱོང་བརྡར་འགུལ་སྐྱོད། ཞིང་པ་ལས་མིའི་ལས་ཞུགས་ཡར་རྒྱས་འགྲོ་བའི་བྱ་སྤྱོད། སྤུས་ལེགས་ཅན་གྱི་ལས་ཞུགས་ཀྱི་སྤྱི་བའི་ཞབས་ཞུ་མཁོ་སྤྲོད་འགུལ་སྐྱོད། དེ་བཞིན"མི་ཤུགས་ཐོན་ཁུངས་ཞབས་ཞུ+"མཉམ་འདྲེས་འཕེལ་རྒྱས་འགུལ་སྐྱོད་བཅས་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ལས་ཞུགས་ཀྱི་གཟིགས་སྐྱོང་ཐབས་ཇུས་ལག་བསྟར་བྱེད་པ་བརྒྱུད་སྤུས་ཚད་མཐོ་བ་དང་ཕྱོགས་ཡོངས་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏང་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།