ཞི་ཅིན་ཕིང་དང་པ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་སྤྱི་ཚབ་ཀྱིས་ཀྲུང་ཕའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ཟླ10པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་རང་བཙན་རྒྱལ་ཁབ་ཀྱི་སྤྱི་ཚབ་ཏ་ཏ་ཨའེ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་པ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་གྱི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་དུས་རབས་ཕྱེད་ཀའི་རིང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ཇེ་ཟབ་ཏུ་ཕྱིན་ཡོད། གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་། མི་ཆོས་སྤེལ་རེས་ཉིན་རེ་བཞིན་རྒྱ་སྐྱེད་དུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་པར་མ་ཟད། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བདག་གིས་ཀྲུང་གོ་དང་པ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ཚབ་ཏ་ཏ་ཨའེ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བ་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་མཐུད་དང་ཁྱབ་ཁོངས་སོ་སོའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ། ཀྲུང་གོ་དང་པ་ཕུ་པ་ཀེུ་ནེ་ཡ་གསར་བ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ཕན་པ་ཐོབ་ཏུ་འཇུག་དགོས།

ཏ་ཏ་ཨའེ་ཡིས་བསྟན་དོན། འབྲེལ་བ་བཙུགས་པའི་ལོ་ངོ50རིང་། པ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་དང་ཀྲུང་གོའི་བར་གྱི་འབྲེལ་བར་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཐོབ་ཡོད། པ་ཕུ་ཡ་ཀུའེ་ནེ་ཡ་གསར་པས་ཀྲུང་གོ་དང་ཡུན་རིང་གི་མཛའ་མཐུན་འབྲེལ་བར་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྟན་པོར་བསྲུང་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བ་གོ་སྐབས་སུ་བཟུང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་གཏོང་ངེས།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་མཱ་ལཱ་ཕེ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་། ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་པ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བ་གོ་སྐབས་སུ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་པ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

མཱ་ལཱ་ཕེ་ཡིས་ཡིས་བསྟན་དོན། པ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་སྲིད་གཞུང་གིས་ཀྲུང་གོས་པ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་པར་ཚད་མཐོའི་བསྟོད་བསྔགས་བྱེད་ཀྱིན་ཡོད། པ་ཕུ་ཡ་ཀུའེ་ནེ་ཡ་གསར་པས་མུ་མཐུད་དུ་དུས་ཡུན་རིང་བོར་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ངེས་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།