ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་དང་། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་རུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞུང་སྒྲུབ་ཐིང་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཡོངས་ལ་དམིགས་པ་དང་ལས་དོན་གཙོ་བོར་འཛིན་པ། མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ། ཚད་གཞི་མཐོ་བའི“ཞབས་ཞུ་གསུམ”ལ་བརྟེན་ནས་ཇུས་འདོན་ལས་རོགས་ཡག་པོ་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་སྣེ་ཁྲིད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་སྔར་ལས་ཆེ་བ་མངོན་གང་ཐུབ་བྱེད་དགོས།
ལུའོ་ཏུང་ཁྲོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་ལས་ཁུངས་ཀྱི་ཁྲུའུ་དང་ཚན་ཁག་ཏུ་ཡོང་ནས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་ནི་ཆབ་སྲིད་ཀྱི་ལས་ཁུངས་ཤིག་ཡིན་པས། ཐོག་མཐའ་བར་གསུམ་དུ“ཆབ་སྲིད་བཞི”དང“རྒྱུན་འཁྱོངས་ལྔའི”བླང་བྱ་གལ་ཆེན་ལག་བསྟར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཐད་མིག་དཔེ་སྟོན་པ་དང་། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པའི་ཐད་མིག་དཔེ་སྟོན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་སྟོན་དགོས། བབ་བསྟུན་མདུན་སྐྱོད་ཀྱིས“ཞབས་ཞུ་གསུམ”གྱི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། “མགྱོགས་པོ་དང་བརྟན་པོ། གཟབ་ནན། གནད་འཁེལ། ཞིབ་ཚགས། ཏན་ཏིག” བཅས་ཀྱི་བྱ་བའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་ཟབ་སྤེལ་དང་གཞུང་ཡིག་སྒྲུབ་གཉེར། ཚོགས་འདུ་རྩ་འཛུགས། བརྟག་དཔྱད་ཞིབ་འཇུག ཆ་འཕྲིན་བརྒྱུད་བསྒྲགས། གསང་གནད་དམ་སྲུང་། ཏང་གི་ལོ་རྒྱུས་ཞིབ་འཇུག་སོགས་ཀྱི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་དགོས་པ་དང་། ཇུས་འདོན་ལས་རོགས་ཡག་པོ་བྱེད་པ་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཡག་པོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུའི་འགན་སྲུང་ལེགས་བསྒྱུར་བྱས་ནས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་པ་དང་། ན་གཞོན་ལས་བྱེད་པས་ཐོས་བསམ་སྒོམ་གསུམ་གྱི་ཁྲོད་ནས་ལས་སྒྲུབ་ལས་སྐྲུན་གྱི་འཇོན་ཐང་ཆེ་རུ་གཏོང་བར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ཏེ། གཟབ་ནན་ཞིབ་ཚགས་དང་ཡག་ཐོག་ཡག་བརྩེགས། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ། དམ་འཛིན་མྱུར་སྒྲུབ་བཅས་བྱས་ནས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་སྦྱོང་བརྡར་དང་ཞབས་ཞུའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུའི“མདུན་ཕྱོགས་ཀྱི་སོ་ལྟ་བརྟན་པོ”དང“ལྟག་རྒྱབ་ཀྱི་ར་བ་སྲ་བརྟན”གཏོང་དགོས།
ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་རུ། ལུའོ་ཏུང་ཁྲོན་གྱིས་སྒྲིག་གཞི་བཙུགས་ཚུལ་དང་གཞི་རིམ་བཅོས་སྐྱོང་། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་འདྲི་རྩད་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཡུན་རིང་སྲིད་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བའི་མཐོ་ཚད་དུ་ལངས་ནས། སྤྱི་ཚོགས་ལས་དོན་གྱི་གནས་བབ་དང་ནུས་པ། འགན་འཁྲིའི་དམིགས་འབེན་ཁོང་དུ་ཆུད་པ་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོར་བསྐྱོད་དེ། ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་སྤྱི་ཚོགས་བྱ་བའི་སྡེ་ཁག་གིས་གཅིག་གྱུར་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་མཉམ་སྒྲུབ་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྲོད་རྒྱ་ཁྱབ་ཏུ་ཞུགས་པ་བཅས་ཀྱི་བྱ་བའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས། ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་འབུར་དུ་ཐོན་པར་བྱས་ཏེ། དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པའི་རྩ་འཛུགས་བཅས་ཀྱིས་ཏང་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བར་ཤུགས་སྣོན་པ་དང་། རྩ་འཛུགས་ཀྱི་ཁེབས་རྒྱ་དང་བྱ་བའི་ཁེབས་རྒྱ“གཟུགས་ཅན”ནས“ཕན་ནུས་ལྡན་པའི”ཕྱོགས་སུ་བསྒྱུར་ཏེ། གསར་དར་ཁྱབ་ཁོངས་ནང་གི་ཏང་གི་འབོད་སྐུལ་ནུས་པ་དང་གོང་བུར་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་འབུར་དུ་ཐོན་པར་བྱས་ཏེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཆེན་པོ་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གཞི་རིམ་བཅོས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་དགོས། དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་འབུར་དུ་ཐོན་པར་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་སྤྲད་དེ་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད་སྔར་ལས་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥུན་རྟོག་ཞིབ་ལ་ཞུགས།