དཔའ་རིས་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་རིག་གནས་ཡུལ་སྐོར་ལ་སྒུལ་ཤུགས་བསྩལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཉེ་བའི་ཚུན་ལ།  ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྐང་བཙུགས་ཏེ་རིག་གནས་ཡུལ་སྐོར་རྒྱུན་མཐུད་ངང་ལེགས་སྒྱུར་དང་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཀ་དྲོད་རྫ་རིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྤྲོ་གསེང་ཁུལ་དེ་དཔའ་རིས་རྫོང་གི་རིག་གནས་ཡུལ་སྐོར་ཁུལ་གལ་ཆེན་ཞིག་ཡིན་ལ། ལོ་འགའི་སྔོན་ལ། གནས་འདིའི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་དང་ཞབས་ཞུ་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། དཔའ་རིས་རྫོང་གིས་ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ནས་མ་ལག་རང་བཞིན་གྱིས་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་རིམ་སྤར་བྱས།

རྒྱུས་ལོན་པ་ལྟར་ན། 2026ལོར་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐད་ཀྱི་ལས་གཞི་གལ་ཆེན15ལག་ཏུ་བསྟར་ལ། སྤྱིའི་མ་དངུལ་བཏང་ཚུལ་སྒོར་བྱེ་བ་གསུམ་ས་ཡ་ལྔ་འབུམ་བདུན་ཁྲི་གཅིག་ཟིན།  མ་དངུལ་སྒོར་ས་ཡ་གཅིག་འབུམ་བཞི་ཁྲི་བཞི་བཏང་དེ་དཔའ་རིས་འགག་གསུམ་དང་དཀྱོག་མཚམས་བཅུ་གཉིས་སོགས་ཡུལ་སྐོར་ལམ་ཐིག་གཉིས་ཁ་སྣོན་འཛུགས་སྐྲུན་བྱས། 

ད་ལྟ་ཀ་དྲོད་རྫ་རིའི་རིག་གནས་ཡུལ་སྐོར་སྤྲོ་གསེང་ཁུལ་གྱི་བཀོད་པ་འོས་འཚམ་ཡིན་ལ་ཆ་སྡེབ་འཛུགས་སྐྲུན་བྱས་པའི་ཞག་སྡོད་སྦྲ་གུར་དང་རླངས་འཁོར་འཇོག་ས་སོགས་ཡོད་པ་མ་ཟད། ཡུལ་ལྗོངས་ལྟ་སའི་རྐང་ལམ་དང་ཡུལ་སྐོར་ཞབས་ཞུ་ལྟེ་གནས་སོགས་འཐུས་ཚང་དུ་བཏང་བས། རྒྱ་ཆེའི་ཡུལ་སྐོར་བས་སྤྲོ་གསེང་དང་ཡུལ་སྐོར་བྱེད་པའི་གནས་མཆོག་ཞིག་ཏུ་གྱུར་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།