ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རུ་རྟོག་ཞིབ་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ10པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རུ་རྟོག་ཞིབ་བཞུགས་མོལ་བྱེད་སྐབས།    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།  ཆབ་སྲིད་བྱེད་ནུས་ཆེ་རུ་གཏོང་བ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་དང་འབད་འཐབ་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་རུ་སོང་ནས་གཞི་རིམ་ཏང་འཛུགས་དང་སྡེ་སྡོད་བྱ་བའི་རུ་ཁག དེ་བཞིན་གྲོང་ཁྱེར་དང་རྫོང་གི་སྐབས་བརྗེ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད།   བྱ་བའི་སྙན་ཞུར་ཉན།   ཁོས་རྩ་འཛུགས་པུའུ་ཡིས་ལངས་གནས་སྔར་ལས་མཐོན་པོས་ཆབ་སྲིད་ལ་བློ་དཀར་བར་བྱེད་པ་དང་།  ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ།  ལས་བྱེད་པའི་ལྟ་སྐུལ་བྱ་བ་ནན་མོར་སྤེལ་བ། དོ་དམ་ལམ་ལུགས་སྣ་ཚོགས་དོན་འཁྱོལ་ཞིབ་མོ་བྱེད་པ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་རྒྱུན་ཆད་མེད་པར་དྲིན་གཟོ་འབད་འཐབ་དང་དངོས་སྒྲུབ་ཁག་ཁུར་གྱི་སྒུལ་ཤུགས་ཆེན་པོ་གཅིག་བསྡུས་བྱེད་པར་ཁྲིད་སྟོན་བྱེད་དགོས། བྱེད་ནུས་སྔར་ལས་ཆེན་པོས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། གཞི་རིམ་རྩ་འཛུགས་ཀྱི་སྤུས་འདེགས་ཕན་སྐྱེད་སྐུལ་འདེད་ཤུགས་ཆེན་གཏོང་བ། ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་རྒྱུ་རྒྱུན་མཐུད་ངང་ཟབ་སྤེལ་དང་།  ཏང་ཡོན་དཔུང་སྡེ་འཛུགས་སྐྱོང་ནན་མོ་བཅས་བྱས་ཏེ། ཏང་གི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་དགེ་མཚན་དེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁྲིད་ཕྱོགས་སྔར་ལས་ལེགས་པོས་བཟང་འདེམས་འཇོན་བསྐོ་བྱེད་པ་དང་མི་བཀོལ་ཁྲིད་ཕྱོགས་ཡང་དག་ཆགས་པར་བྱེད་པ།  ལས་བྱེད་པའི་གོ་གནས་ལེགས་སྒྲིག་ཐུབ་པར་སྐུལ་འདེད་གཏོང་བ། འཇོན་མི་ནང་འདྲེན་དང་འཇོན་མི་གསོ་སྐྱོང་ལ་གཅིག་འདོམས་བྱེད་པ་བཅས་བྱས་ཏེ། ལས་བྱེད་པའི་དཔུང་སྡེ་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྱོང་དམ་འཛིན་ལེགས་པོ་བྱེད་དགོས། ལས་ཁུངས་ཀྱི་སྒྲིག་ཁོངས་ཐོན་ཁུངས་གནད་ལ་འཁེལ་བའི་སྒོ་ནས་བགོ་སྒྲིག་བྱེད་པ་དང་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་རྒྱུན་མཐུད་ངང་ཟབ་སྤེལ། གསོག་འབོར་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ། ཐོན་ཁུངས་གསོག་ཚད་བརྩོན་ལེན་བཅས་བྱས་ཏེ། སྒྲིག་ཁོངས་ཐོན་ཁུངས་ལ་བརྟེན་ནས་གཙོ་གནད་ལས་འགན་སྣ་ཚོགས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོབ་པར་འགན་སྲུང་དང་འདེགས་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རུ་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་གལ་ཆེན་སྤེལ་བ་དང་། ཕྱི་ཕྱོགས་རིག་གནས་རྒྱུད་སྒྲོག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།  “སྐལ་བཟང་སྤྲིན”ཕྱོགས་བསྡུས་རིག་གནས་ཞབས་ཞུ་སྟེགས་བུའི་འགྲེམ་སྟོན་ལ་བལྟས་པར་མ་ཟད། བྱ་བའི་སྙན་ཞུར་ཉན།   ཁོས་དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་བློ་སྒྲིལ་སེམས་སྐྱེད་རྒྱུན་འཁྱོངས་བྱེད་པ་དང་།  གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་དང་དྲིལ་སྒྲོག་ཕན་འབྲས་ཆེ་རུ་གཏོང་བའི་ཐད་ནུས་ཤུགས་བཏོན་ནས། ཏང་གི་གསར་གཏོད་གཞུང་ལུགས་དེ་མཚོ་སྔོན་དུ་རྩ་བ་ཚུགས་ཏེ་རྩེ་མོ་རྒྱས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་དང་།  ཡིད་ཆེས་བརྟན་པོ་དང་ལས་སྒྲུབ་ལས་གཏོད་ཀྱི་ཁྲིད་ཕྱོགས་གསལ་བོ་ཆགས་པར་བྱེད་པ།  སྤྱོད་ཚུལ་སྒྱུར་བ་དང་དོན་འཁྱོལ་དམ་འཛིན། འཕེལ་རྒྱས་ལ་སྐུལ་སྤེལ་བཅས་ཀྱི་སྣང་ཚུལ་སྟུག་པོ་བསྐྲུན་པ། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བསམ་པའི་དཔལ་ཡོན་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། དཔེ་མཚོན་འདེམས་སྒྲུག་དྲིལ་སྒྲོག་ལ་ཤུགས་སྣོན་པ། སྙིང་སྟོབས་རྒྱུན་མཐུད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིང་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་དགོས། ལས་ཡུལ་སྟོབས་ལྡན་འཛུགས་སྐྲུན་དང་བརྟན་སྲུང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་ལག་རྩལ་ལ་བརྟེན་ནས་དྲ་རྒྱ་བཅོས་སྐྱོང་། མཐུན་སྦྱོར་སྒོས་དྲ་རྒྱ་སྲུང་སྐྱོབ་བཅས་ལ་གཅིག་འདོམས་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ཚད་མཐའ་དང་ཚད་ཐིག་བརྟན་སྲུང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཏ་ནན་དང་། ཀྲུའུ་ཞང་ཧྥེང་། ཚའོ་ཅོན་བཅས་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།