རྨ་ལྷོའི་རྒྱལ་སྟོན་རིག་གནས་ཡུལ་སྐོར་ཚོང་ཁྲོམ་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་ཞིང“རྨ་ཆུ་དྭངས་མོ”ཡི་ཡུལ་སྐོར་རྒྱུད་ཀྱི་མི་ཚོགས་ཇེ་ཆེར་གྱུར་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྒྱལ་སྟོན་གུང་གསེང་གི་སྐབས་སུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཡུལ་སྐོར་ཚོང་ཁྲོམ་བརྟན་བརླིང་ངང་འཕར་ལ་སྒྲིག་ལམ་ཅུང་བཟང་། “རྨ་ཆུ་དྭངས་མོ”ཡུལ་སྐོར་རྒྱུད་ཀྱི་གནས་མཚམས་གཙོ་བོ་ཡིན་པའི་ཡུལ་དེས་རྨ་ཆུ་གྲོག་རོང་གི་མཛེས་ལྗོངས་དང་རེབ་གོང་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས། ས་ཆ་སོ་སོའི་ཡུལ་སྐོར་པར་མཐོ་སྒང་གི་ཡུལ་སྲོལ་རོལ་མྱོང་བྱེད་དུ་བཅུག་པས། ཡུལ་སྐོར་སྣེ་ལེན་གྱི་ཚད་དང་སྤྱིའི་ཡོང་སྒོ་གཉིས་ཀ་དུས་མཉམ་དང་བསྡུར་ན་ཆེ་ཆེར་འཕར། རགས་རྩིས་བྱས་པ་ལྟར་ན། རྒྱལ་སྟོན་གུང་གསེང་སྐབས་སུ་རྨ་ལྷོ་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི13.86སྣེ་ལེན་བྱས་ཤིང་དུས་མཉམ་དང་བསྡུར་ན71.77%འཕར། ཡུལ་སྐོར་གྱི་སྤྱིའི་གྲོན་དངུལ་སྒོར་ཁྲི1933.50ལ་སླེབས་ཤིང་དུས་མཉམ་དང་བསྡུར་ན55.73%འཕར།

ཁམས་ར་ལྗོངས་ཁུལ་གྱི་ཡུལ་སྐོར་པ། 

རྒྱལ་སྟོན་གུང་གསེང་དུ་རྨ་ལྷོ་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་གཙོ་བོས་རིམ་བསགས་ཀྱིས་ཡུལ་སྐོར་པ་མི་ཐེངས་ཁྲི10.34སྣེ་ལེན་བྱས། “རྨ་ཆུ་དྭངས་མོ”ཡུལ་སྐོར་རྒྱུད་དུ་གནས་པའི་ཁམས་ར་ལྗོངས་ཁུལ་གྱིས་ཆུ་དྭངས་མོ་དང་བྲག་དམར་པོའི་ལྗོངས་རིས་ལ་བརྟེན་ནས་ཡུལ་སྐོར་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་སྟེ། ཡུལ་སྐོར་པ་མི་ཐེངས་ཁྲི5.45སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཡོང་སྒོ་སྒོར་ཁྲི160.10བླངས། རེབ་གོང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གནའ་མཁར་གྲགས་ཅན་ཡུལ་སྐོར་ས་ཁུལ་གྱིས་ཡུལ་སྐོར་པ་མི་ཐེངས་ཁྲི2.52སྣེ་ལེན་བྱས་ལ་ཡུལ་སྐོར་ཡོང་སྒོ་སྒོར་ཁྲི404བླངས། བདེ་སྐྱིད་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་མི་ཐེངས་ཁྲི2.37སྣེ་ལེན་བྱས། ཞག་འདུག་ཕྱོགས་ནས་རྨ་ལྷོ་ཁུལ་གྱི་སྐར་རིམ་མགྲོན་ཁང་གི་གུང་གསེང་སྐབས་ཀྱི་ཆ་སྙོམས་ཀྱི་ཞག་འདུག་ཚད37.39%ལ་སླེབས།

ཁམས་ར་ལྗོངས་ཁུལ་དུ་མི་ཚོགས་ཀྱིས་ཁེངས་པ།

རྒྱལ་སྟོན་གུང་གསེང་ཐོན་ལ་ཉེ་སྐབས། རྨ་ལྷོ་ཁུལ་རིག་གནས་ཡུལ་སྐོར་སྡེ་ཁག་གིས་སྔ་མོ་ནས་བཀོད་སྒྲིག་བྱས་ལ། ཚོང་ཁྲོམ་གྱི་སྐོར་ཞིབ་དང་ཡུལ་སྐོར་པའི་ཞབས་ཞུའི་འགན་སྲུང་དམ་འཛིན་བྱས། རྒྱལ་སྟོན་གུང་གསེང་ཧྲིལ་པོར་ཡུལ་སྐོར་བདེ་འཇགས་ཀྱི་དོན་རྐྱེན་མ་བྱུང་ལ། ཡུལ་སྐོར་གྱི་ཞུ་གཏུག་ཚབས་ཆེན་ཀྱང་མ་བྱུང་བས་རིག་གནས་ཡུལ་སྐོར་ཚོང་ཁྲོམ་བདེ་འཇགས་ཡིན་ལ་སྒྲིག་ལམ་བཟང་།

“རྨ་ཆུ་དྭངས་མོ”ཡུལ་སྐོར་རྒྱུད་ཀྱི་འཛུགས་སྐྲུན་གོ་སྐབས་ལ་བརྟེན་ནས། རྨ་ལྷོ་ཁུལ་གྱིས་རྨ་ཆུའི་རི་ཆུ་དང་བོད་ཡུལ་དམངས་སྲོལ་དེ་རེབ་གོང་མངོན་མིན་རིག་གནས་ཤུལ་བཞག་དང་སྦྲེལ་ནས་རིག་གནས་ཡུལ་སྐོར་གྱི་འགུག་ཤུགས་བསྟུད་མར་ཇེ་ཆེར་བཏང་། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།