རྒྱལ་ཡོངས་ས་གནས་ཁག་གིས་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཉེ་ལམ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་གཞུང་ཕྱོགས་དྲ་ཚིགས་སུ་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་གི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི(2026ལོའི་ཟླ10ཚེས1ཉིན་བར)ཁྱབ་སྒྲོག་བྱས།

ཟླ་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་་གཞི་ཕྱོགས་ནས། ཧྲང་ཧའེ་ཡིས་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ཟླ་རེར་སྒོར2740ཡི་ངོས་ནས་རྒྱལ་ཡོངས་ཀྱི་དང་པོར་ཟིན། ཆུ་ཚོད་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ཕྱོགས་ནས། པེ་ཅིང་གིས་ཆུ་ཚོད་རེར་སྒོར27.7གྱི་ཚད་གཞི་ངོས་ནས་རྒྱལ་ཡོངས་ཀྱི་དང་པོར་ཟིན།

གཅིག འོ་ན་ཅི་ཞིག་ལ་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ཟེར། མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ནི་ངལ་རྩོལ་བས་ཁྲིམས་བཀོད་དུས་ཚོད་དམ་ཁྲིམས་ལྟར་བཞག་པའི་ངལ་རྩོལ་གན་རྒྱའི་སྟེང་དུས་ཆད་བྱས་པའི་ལས་ཀའི་དུས་ཚོད་ནང་རྒྱུན་ལྡན་གྱི་ངལ་རྩོལ་འདོན་སྤྲོད་བྱས་པའི་སྔོན་འགྲོའི་འོག  མི་བཀོལ་ལས་ཁུངས་ཀྱིས་ཁྲིམས་བཞིན་དུ་ངལ་རྩོལ་བར་སྤྲད་དགོས་པའི་མ་མཐའི་ངལ་རྩོལ་གྱི་ཕོགས་ཐོབ་ལ་ཟེར། སྤྱིར་བཏང་དུ་ཟླ་རེ་དང་ཆུ་ཚོད་རེ་ཡི་ཕོགས་ཐོབ་སྤྲོད་སྟངས་གཉིས་ཡོད། 
  གལ་ཏེ་ངལ་རྩོལ་བས་ཁྲིམས་བཀོལ་ལས་ཀའི་དུས་ཚོད་དམ་ཁྲིམས་བཞིན་དུ་བཞག་པའི་ངལ་རྩོལ་གན་རྒྱར་དུས་ཆད་བྱས་པའི་ལས་ཀའི་དུས་ཚོད་ནང་འདོན་སྤྲོད་བྱས་པའི་རྒྱུན་ལྡན་གྱི་ངལ་རྩོལ་སྔོན་འགྲོའི་འོག མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་བར་སྤྲད་པའི་གླ་ཆ་ནི་ས་གནས་དེས་ཁྱབ་བསྒྲགས་བྱས་པའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ལས་དམའ་ན་ཁྲིམས་འགལ་གྱི་བྱ་སྤྱོད་ལ་གཏོགས་པ་ཡིན།
   གལ་ཏེ་ངལ་རྩོལ་བས་མི་སྒེར་གྱི་རྒྱུ་རྐྱེན་གང་རུང་གི་དབང་གིས་ཁྲིམས་བཀོད་ལས་ཀའི་དུས་ཚོད་ནང་ངམ་ཡང་ན་ཁྲིམས་ལྟར་བཞག་པའི་ངལ་རྩོལ་གན་རྒྱར་དུས་ཆད་བྱས་པའི་ལས་ཀའི་དུས་ཚོད་ནང་དུ་རྒྱུན་ལྡན་གྱི་ངལ་རྩོལ་འདོན་སྤྲོད་མ་བྱས་ན།  གླ་ཕོགས་དེ་མ་མཐའི་གླ་ཕོགས་ཚད་གཞི་ཡི་གཏན་འབེབས་ལྟར་སྤྲད་ན་མི་འཚམ།

གཉིས། མ་མཐའི་གླ་ཕོགས་ཀྱི་ཚད་གཞིའི་ནང་དུ་སྤྱི་ཚོགས་འགན་སྲུང་གྲོན་དངུལ་དང་། ལས་སྣོན་གྲོན་དངུལ་འདུའམ། 

 《མ་མཐའི་གླ་ཕོགས་གཏན་འབེབས》ལྟར་ན། ངལ་རྩོལ་བས་རྒྱུན་ལྡན་གྱི་ངལ་རྩོལ་འདོན་སྤྲོད་བྱེད་པའི་གནས་ཚུལ་འོག མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་བར་གླ་ཕོགས་ནང་གཤམ་གྱི་དོན་ཚན་འདི་དག་སྤྲོད་པ་ཕུད་རྗེས། ས་གནས་གང་དེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ལས་དམའ་བའི་ཕོགས་ཐོབ་སྟེར་མི་རུང་།
  1.ལས་ཀའི་དུས་ཡུན་ཇེ་རིང་དུ་བཏང་བའི་གླ་ཕོགས།
   2.ཉིན་གུང་གི་ལས་སྣོན་དང་། མཚན་མོའི་ལས་སྣོན། ཚ་བ་ཆེ་དུས་དང་གྲང་ངར་ཆེ་དུས། དོང་འོག་དང་དུག་ལྡན་གནོད་ལྡན་ལ་སོགས་དམིགས་བསལ་གྱི་ལས་ཀའི་ཁོར་ཡུག་དང་ཆ་རྐྱེན་འོག་གི་ཟུར་ཕོགས།
   3.བཅའ་ཁྲིམས་དང་ཁྲིམས་སྲོལ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ངལ་རྩོལ་བའི་ཕན་བདེ་ཐོབ་སྐལ་ལ་སོགས།

ས་གནས་ཁག་གིས་གཏན་འབེབས་ལྟར་ན། མ་མཐའི་གླ་ཕོགས་ཚད་གཞིའི་ནང་དུ་ངལ་རྩོལ་བ་མི་སྒེར་གྱིས་འཇལ་དགོས་པའི་གཞི་རྩའི་རྒན་གསོ་ཉེན་འགོག་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། སྡོད་ཁང་གི་སྤྱི་གསོག་མ་དངུལ་ལ་སོགས་ཀྱི་གྲོན་དངུལ་འདུ།

མི་བཀོལ་ལས་ཁུངས་གཏན་འབེབས་དང་འགལ་ན། ངལ་རྩོལ་བས་ཁེ་དབང་སྲུང་སྐྱོབ་ཇི་ལྟར་བྱེད་དགོས། 

 མི་བཀོལ་ལས་ཁུངས་ཀྱིས་མ་མཐའི་གླ་ཕོགས་ཚད་གཞི་སྤྲོད་པའི་གཏན་འབེསབས་དང་འགལ་བའི་བྱ་སྤྱོད་སྤེལ་ན། ངལ་རྩོལ་བས་ཡུལ་དེའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ལ་ཞུ་གཏུག་བྱ་ཆོག་པ་དང་། ཡང་ན་ཁྲིམས་བཞིན་དུ་འདུམ་སྒྲིག་དང་། ཁྲུན་གཅོད། ཞུ་སྦྱོར་ལ་སྙན་ཞུ་བརྒྱབ་ཆོག

རྩོམ་སྒྲིག་པ། : ཁོན་ཐར་འཚོ།