ལུའོ་ཏུང་ཁྲོན་གྱིས་རྒྱལ་སྟོན་གུང་གསེང་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་སྔོན་འགོག་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་སྟེང་གཏམ་བཤད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

​ཟླ10པའི་ཚེས7ཉིན་གྱི་སྔ་དྲོར། རང་ཞིང་གིས་རྒྱལ་སྟོན་གུང་གསེང་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་སྔོན་འགོག་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་བརྙན་ལམ་ནས་རྒྱལ་སྟོན་གུང་གསེང་སྐབས་ཕྱིར་བགྲོད་མཁན་ཆེས་མང་བའི་དུས་སྐབས་ཀྱི་བདེ་འཇགས་ལ་འགན་ལེན་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་སྔོན་འགོག་ལས་དོན་ལ་བཀོད་གཏོང་བྱས།

​ཟླ10པའི་ཚེས7ཉིན་གྱི་སྔ་དྲོར། རང་ཞིང་གིས་རྒྱལ་སྟོན་གུང་གསེང་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་སྔོན་འགོག་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་བརྙན་ལམ་ནས་རྒྱལ་སྟོན་གུང་གསེང་སྐབས་ཕྱིར་བགྲོད་མཁན་ཆེས་མང་བའི་དུས་སྐབས་ཀྱི་བདེ་འཇགས་ལ་འགན་ལེན་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་སྔོན་འགོག་ལས་དོན་ལ་བཀོད་གཏོང་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ལྐོག་བཅར་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ཡོ་བསྲང་ལ་དོ་སྣང་ཆེན་པོ་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་བདེ་འཇགས་ཀྱི་འགན་འཁྲི་ནན་མོ་འཁུར་བ། བདེ་འཇགས་སྔོན་འགོག་གི་བྱེད་ཐབས་ཁག་དམ་འཛིན་ཞིབ་ཚགས་བྱེད་པ་བཅས་བྱས་ནས། རྒྱལ་སྟོན་གུང་གསེང་སྐབས་ཀྱི་བདེ་སྲུང་བརྟན་སྲུང་ལས་དོན་བདེ་བླག་ངང་མཇུག་སྒྲིལ་བར་འགན་སྲུང་བྱེད་དགོས།

ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་གིས་ཚོགས་འདུར་མགོ་འཛིན་བྱས་པ་དང་ཀྲུའུ་ཞང་ཧྥེང་ཚོགས་འདུར་ཞུགས། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་བཅས་ཀྱིས་འབྲེལ་ཡོད་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ཕུལ།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། རྒྱལ་སྟོན་གུང་གསེང་སྐབས་ནས་བཟུང་། ས་གནས་དང་སྡེ་ཁག་སོ་སོས་ལས་གནས་བརྟན་སྲུང་དང་འགན་འཁྲི་སྒྲུབ་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་དམངས་འཚོའི་ཞབས་ཞུར་འགན་ལེན། འཕྲལ་བསྟུན་ལས་རེས་གྲ་སྒྲིག་སོགས་ལས་འགན་ཁག་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་པར་བརྟེན། བདེ་འཇགས་གནས་སྟངས་སྤྱིའི་ཆ་ནས་བརྟན་བརླིང་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་རེད། དེ་རིང་ནི་རྒྱལ་སྟོན་གུང་གསེང་གི་ཉིན་རྗེས་མ་ཡིན་ལ། ཞིང་ཆེན་ཡོངས་ལ་མཚོན་ནས་བཤད་ན་ཕྱིར་བགྲོད་མཁན་ཆེས་མང་བའི་དུས་སུ་སླེབས་ནས། མི་དང་རླངས་འཁོར་ལ་གཅིག་སྡུད་ཀྱི་རྣམ་པ་ཆེ་ཞིང་། ཁེ་ལས་དང་རྣམ་གྲངས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པའི་དབང་གིས། ཉེན་ཁ་དང་འགལ་རྐྱེན་སྣ་ཚོགས་སྔོན་འགོག་དང་མེད་པར་གཏོང་རྒྱུ་ནི་སྔར་བཞིན་གལ་ཆེན་ནང་གི་འགངས་ཆེན་ཡིན། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་རྒྱུད་དེ་དམ་པོར་བཟུང་སྟེ། བདེ་འཇགས་ཐོན་སྐྱེད་ནི་དུས་ནམ་ཡང་ལམ་ན་ཡོད་པའི་འདུ་ཤེས་བློ་ལ་བརྟན་པོར་བཅངས་ནས། སྣང་ཆུང་གི་བསམ་བློ་དང་སྟབས་ལེགས་སྟེས་དབང་གི་བསམ་པ་མཐའ་གཅིག་ཏུ་དོར་བ་དང་། རྒྱལ་སྟོན་གུང་གསེང་རིང་གི་ཕྱིར་བགྲོད་སྐྱེལ་འདྲེན་ལ་འགན་ལེན་དང་། འགྲིམ་འགྲུལ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་གི་ལས་དོན་ཁག་ལ་དམ་འཛིན་ནན་མོ་བྱས་ནས། ཉེན་ཁར་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཤུགས་བསྣན་ཏེ། བདེ་འཇགས་ཀྱི་རྨང་གཞི་མུ་མཐུད་ཇེ་བརྟན་དུ་བཏང་ནས། ཕྱིར་བགྲོད་མཁན་བདེ་འཇགས་བརྟན་ལྷིང་ཡིན་པ་དང་དུས་ཆེན་རྗེས་ཀྱི་ལས་ཀ་གོ་རིམ་ལྡ་པའི་ངང་སླར་གསོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་བར་འགན་སྲུང་བྱེད་དགོས།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་ཚད་མཐའི་བསམ་གཞིག་དང་འགག་སྒོ་མདུན་སྣུར། འབྱུང་རྩ་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། འགྲུལ་པ་དང་རླངས་འཁོར་འཁོར་རྒྱུག་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་སྐྱེལ་འདྲེན་ནུས་ཤུགས་བཀོད་གཏོང་བྱེད་པ། གཙོ་གནད་ལམ་དུམ་དང་མཚན་མོའི་དུས་མཚམས་སུ་ལམ་ངོས་སྐོར་ཞིབ་བྱེད་ཐེངས་ཇེ་མང་དུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ། གྲོས་མོལ་ཞིབ་འཇུག་དང་བརྡར་ཤ་གཅོད་པར་ཤུགས་སྣོན་པ། ཁངས་ཆར་སོགས་ཐལ་དྲགས་པའི་གནམ་གཤིས་ལ་ཁ་གཏད་ཡག་པོ་འཇལ་བ། ངལ་དུབ་ཀྱིས་མནར་བཞིན་དུ་རླངས་འཁོར་གཏོང་བ་དང་མྱུར་ཚད་ལས་བརྒལ་བ། མི་གྲངས་ཀྱི་ཚད་བཀག་ལས་བརྒལ་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་གཟབ་ནན་གྱིས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྔོན་ལ་འགྲིམ་འགྲུལ་ཁྲིད་སྟོན་དང་དྲན་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྒྱལ་སྟོན་གུང་གསེང་སྐབས་སུ་ཕྱིར་བགྲོད་མཁན་ཆེས་མང་པའི་དུས་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས། གནོན་ཤུགས་ཆེ་རུ་བཏང་ནས་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་ཟབ་སྤེལ་གཏོང་བ། བྱ་སྤྱོད་ཀྱི་ལས་འགན་དང་དམིགས་འབེན་ལ་རྣམ་གྲངས་རེ་རེ་བཞིན་ཞིབ་དཔྱད་བྱས་ཏེ། གཙོ་གནད་ལས་རིགས་ཀྱི་བདེ་འཇགས་ཐད་ཀྱི་ཞན་ཆ་མུ་མཐུད་ཁ་གསབ་དང་། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་ལས་དོན་ཡག་པོར་བསྒྲུབ་པ། “འགྲུལ་པ་གཉིས་དང་ཉེན་ཁ་གཅིག དངོས་ཟོག་གཅིག”གི་རླངས་འཁོར་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ཏེ། གཞི་རྩའི་བདེ་འཇགས་ཆུ་ཚད་ཇེ་མཐོར་བཏང་ནས་ད་ལོའི་བདེ་འཇགས་བརྟན་ལྷིང་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།  གཅིག་ཤེས་ཀུན་གྲོལ་དང་གནས་ནས་ཁྱོན་ཡོངས་ལ་ཁྱབ་པ། རིམ་པ་སོ་སོས་ལྐོག་བཅར་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་ལ་རྩིས་ཐོ་ཅན་གྱི་དོ་དམ་དང་། ཨང་གྲངས་མེད་པར་བཟོ་བའི་རྣམ་པའི་ཞིབ་བཤེར་རྩིས་ལེན་ལག་བསྟར་བྱེད་པ། ཤེས་རྟོགས་བྱུང་མ་ཐག་ལེགས་བཅོས་དང་ལག་བསྟར་བྱས་མ་ཐག་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་མཉམ་གཅིག་ཏུ་རིགས་མཐུན་གནད་དོན་ལ་གྲལ་བཤེར་ཆེན་པོ་བྱས་ནས། དག་ཐེར་ལེགས་བཅོས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་པ་དང་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་སེལ་བ། ཉེན་ཁ་གང་སར་ཁྱབ་པར་སྔོན་འགོག་ཏན་ཏིག་བཅས་བྱེད་དགོས། ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། “དོ་དམ་གསུམ་དང་ངེས་པར་གསུམ་”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་རང་འཁྲིའི་འགན་འཁྲི་བཅས་ཁྱོན་ཡོངས་ནས་ཇེ་དམ་དུ་བཏང་སྟེ། མགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་དང་དུས་ཚོད24རིང་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་ཐུབ་པར་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་དོན་ལྡན་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།