རྒྱལ་སྟོན་གྱི་སྔ་ནུབ་ཏུ། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི“རྒྱལ་སྟོན་དུས་ཆེན་བསུ་བ་དང་རིག་གནས་ཉིང་བཅུད་ལ་རོལ་བའི”ཟློས་གར་རིག་རྩལ་དགོང་ཚོགས་དེ་ཁུལ་མི་རིགས་གླུ་གར་ཚོགས་པའི་ཟློས་གར་ཁང་ཆེན་མོ་རུ་བསྡུས་པ་དང་། ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་འཁྲབ་སྟོན་ལ་བལྟས།
ད་ལོའི་ཟླ་བརྒྱད་པར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས“རིག་གནས་ཡུས་ཧྲུའུ”འཛུགས་སྐྲུན་གྱི་འབྲེལ་ཡོད་བྱ་བ་སྤེལ་འགོ་བཙུགས་ནས། «“རིག་གནས་ཡུས་ཧྲུའུ”འཛུགས་སྐྲུན་གྱི་ལོ་ལྔའི་འགུལ་སྐྱོད་ཇུས་གཞི(2026ལོ་ནས2030ལོ་བར)»ཞིབ་འཇུག་བྱས་ནས་བཟོས་ཏེ། ཡུས་ཧྲུའུ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས“ཕྱིར་སྐྱོད་རྒྱུར”སྐུལ་འདེད་གཏོང་བ་དང་། ཁུལ་ཕྱིའི་ཕུལ་བྱུང་རིག་གནས་ཧུར་ཐག་གིས་ནང་འདྲེན་བྱས་ཏེ། རིག་གནས་སྣ་ཚོགས་ཡུས་ཧྲུའུ་ཡི་ས་གཞི་ཆེན་མོར་མཉམ་འདྲེས་མཉམ་གནས་དང་གཅིག་ལ་གཅིག་བརྟེན་ཡོང་རྒྱུར་སྐུལ་འདེད་བཏང་ལ། ཐེངས་འདིའི་དགོང་ཚོགས་ནི་བྱ་བ་འདིའི་བྱེ་བྲག་གི་ལག་ལེན་ཞིག་རེད།
དགོང་ཚོགས་ཐོག་སྙན་འཇེབས་ལྡན་པའི་དབྱངས་རྟ་དཀྲོལ་ནས་རྒྱལ་སྟོན་ལ་བསུ་བ་བྱས་པ་དང་། ཟློས་གར་དང་བཞད་གར། རོལ་དབྱངས་སོགས་འཁྲབ་སྟོན་གྱ་ནོམ་པ་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད་ལ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་རིག་གནས་ཉིང་བཅུད་མཉམ་སྤྱོད་བྱེད་པའི་བརྒྱུད་རིམ་ནང་། རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།