ཁམས་རའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་སྣེ་ལེན་བྱས་ཚད་མི་ཐེངས་འབུམ་གསུམ་ལས་བརྒལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས6ཉིན་བར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་རའི་མཛེས་ལྗོངས་ཁུལ་གྱིས་ལོ་འཁོར་གྱི་ཡུལ་སྐོར་བ་སྣེ་ལེན་བྱས་ཚད་མི་ཐེངས་འབུམ་གསུམ་ལས་བརྒལ་ལ། དེ་ལོ་སྔོན་མའི་ལོ་ཧྲིལ་པོ་ལས669%འཕར་བ་དང་། ལོ་འཁོར་གྱི་ལྗོངས་ཁུལ་གྱི་འགྲུལ་བ་སྣེ་ལེན་བྱེད་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་བ་དེའི་ཐོག་ནས་མཛེས་ལྗོངས་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

ད་ལོ་ནས་བཟུང་། མཚོ་སྔོན་ནུབ་གཏེར་ཁམས་རའི་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་རིམ་པ་སོ་སོའི་སྡེ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས། “དྭངས་གཙང་རྨ་ཆུའི”ཡུལ་སྐོར་ཁུལ་འཛུགས་སྐྲུན་གྱི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། མཚམས་སྤྲིན་དང་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ཐོན་ཁུངས་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ནས། ཞན་ཆ་གསབ་པ་དང་གསོན་ཤུགས་འཕེལ་བ། ཟོང་རྟགས་བཏོད་དེ་མཛེས་ལྗོངས་ཁུལ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

མཛེས་ལྗོངས་ཁུལ་གྱིས་མཁྲེགས་ཆས་ཀྱི་སྤུས་ཚད་རིམ་སྤོར་ལ་དམིགས་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གཉིས་བཏང་བ་དང་། ཟླ་བ་གསུམ་གྱི་རིང་བྱང་ངོགས་ཀྱི་གྲུ་ཁ་དང་། ཞའོ་ཡའོ་ཁྲི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས། སྨི80ཡི་གློག་སྒུལ་སྐྱོར་སྐས་སོགས་ལྟེ་བའི་སྒྲིག་བཀོད་བསྐྲུན་ཡོད། དེ་དང་ཆབས་ཅིག སྤྲོ་གསེང་ལྟ་སྐོར་གྱི་ལམ་ཐིག་ཇེ་ལེགས་སུ་གཏོང་བ་དང་ངལ་གསོའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། མཛེས་ལྗོངས་ཀྱི་མཚོན་རྟགས་གསར་བརྗེས་བྱས་ཏེ་ཟི་ལིང་ནས་ཁམས་རའི་བར་གྱི་ཡུལ་སྐོར་ཐད་གཏོང་རླངས་འཁོར་ཤར་གཏོང་ཐུབ་པ་བྱས་ནས། དབྱིངས་ཞུག་རྣམ་པའི་སྐྱེ་ཁམས་ཉམས་ལེན་རྣམ་གྲངས་གསར་གཏོད་བྱས་ཏེ། སྐྱེ་ཁམས་ལྟ་སྐོར་དང་ཚན་རྩལ་ཁྱབ་གདལ་སློབ་གསོ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས།

འགྲུལ་ཁུངས་ཁྲོམ་ར་གསར་འབྱེད་ལ་གྲུབ་འབྲས་མངོན་གསལ་ཐོབ། མཛེས་ལྗོངས་ཁུལ་གྱིས་མགྲོན་པོ་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་བྱས་ཏེ། སྒོ་བྱང་མི་དགོས་པ་དང་རིན་གོང་ཇེ་ཉུང་དུ་གཏོང་བ། ཆེད་གཏོགས་ཚབ་དངུལ་འཛིན་ཤོག མཚོ་སྔོན་གྱི་ཡུལ་སྐོར་བ་ཐེངས་གཉིས་པར་མཛེས་ལྗོངས་ཁུལ་དུ་ཡོང་ན་རིན་མི་དགོས་པ་སོགས་ཀྱི་དམངས་ཕན་སྲིད་ཇུས་བཏོན་ཡོད། ཞིང་ཆེན་ཕྱི་ནང་གི་ཐབས་ལམ་མང་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཚྭ་ཁའི་ཚྭ་མཚོ་དང་མཉམ་འགུལ་གྱིས་མཉམ་འབྲེལ་ཡུལ་སྐོར་ཐོན་རྫས་བཏོད་དེ། ཡུལ་སྐོར་ལས་དོན་ཁང་གཙོ་བོ5ལ་ལོ་འཁོར་གྱི་མཉམ་ལས་བྱས་ནས། རྨོ་འདེབས་ཞིབ་འཇུག་སློབ་སྦྱོང་དང་སྨན་བཅོས་ལུས་གསོ་སོགས་གསར་དར་ལས་རྣམ་ཁྲོམ་ར་གཙོ་གནད་དུ་བཟུང་སྟེ། ཚོགས་པའི་བྱེད་སྒོ་ཆེ་གྲས་ཁག་མང་པོ་བདེ་བླག་ངང་དང་ལེན་བྱས་ནས་འགྲུལ་ཁུངས་ཀྱི་ཐབས་ལམ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་།

དེ་ལས་གཞན། མཛེས་ལྗོངས་ཁུལ་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་སྦྲེལ་མཐུད་བྱས་ནས། ལམ་རྒྱུད་ཀྱི་ས་ཆ་མང་བའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་ཟུང་འབྲེལ་བྱས་ཏེ། ཉིན10དང་མཚན་མོ7གྱི“དྭངས་གཙང་རྨ་ཆུའི”སྤུས་ལེགས་ཡུལ་སྐོར་ལམ་ཐིག་བཏོད་དེ། ཡུལ་སྐོར་དེ་ལྟ་སྐོར་རྐྱང་པ་ནས་མྱོང་ཚོར་ཟབ་མོའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། དྲ་ཐོག་ནས་ས་ཁོངས་ཡོངས་སུ་ཁྱབ་གདལ་གཏོང་བ་དང་དྲ་འོག་ཏུ་ཁྱད་ལྡན་འགྲན་བསྡུར་བྱེད་སྒོ་སྤེལ་བར་མཉམ་འགུལ་བྱས་པ་བརྒྱུད། ཆ་ཚང་བའི་འདྲེན་རྒྱུན་ཁྱབ་སྤེལ་གྱི་རྣམ་པ་བསྐྲུན་ནས་ཟོང་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།