མཚོ་ཤར་གྱི“ཉི་འོད་འགོ་རྩོམ་བྱ་སྤྱོད་འཆར་གཞི”ལས་བྱིས་པ་ཁྲི་གཅིག་དང་སྟོང་ལྔ་ལྷག་ལ་ཕན་པ་ཐོབ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

2024ལོའི་ཟླ3པ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་ཞིང་སྡེའི་བྱིས་པའི་སྔ་དུས་ཀྱི་འཕེལ་རྒྱས་རྣམ་གྲངས་ལག་བསྟར་བྱེད་པའི་དཔེ་སྟོན་ཁུལ་གཉིས་པར་གྱུར་པ་དང་། “ཉི་འོད་འགོ་རྩོམ་བྱ་སྤྱོད་འཆར་གཞིའི”བྱིས་པའི་སྔ་དུས་ཀྱི་འཕེལ་རྒྱས་རྣམ་གྲངས་ལ་བརྟེན་ནས། ཟླ6ནས་ཟླ36བར་གྱི་བྱིས་པར་གསོ་སྐྱོང་མཛུབ་ཁྲིད་དང་འཚོ་བཅུད་ལ་ཐེ་གཏོགས་བྱས། མིག་སྔའི་བར་དུ། རྣམ་གྲངས་དེ་མཚོ་ཤར་གྲོང་ཁྱེར་གྱི་ཞང་དང་གྲོང་རྡལ37དང་། སྲིད་འཛིན་སྡེ་བ663དང་དེ་མིན་སྡེ་ཁུལ49ལ་ཁྱབ་ནས་རིམ་རྩིས་བྱས་ན་ཕན་པ་ཐོབ་པའི་བྱིས་པ་ཁྲི་གཅིག་དང་སྟོང་ལྔ་དྲུག་བརྒྱར་ཟིན་ཡོད།

“ཉི་འོད་འགོ་རྩོམ་བྱ་སྤྱོད་འཆར་གཞིའི”ཐེབས་རྩ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་དང་རྫོང་དང་ཆུས་སྲིད་གཞུང་གི་སྒྲིག་ཆས་ཆ་ཚང་བའི་བྱ་ཐབས་ལ་བརྟེན་ནས་མ་དངུལ་དོན་འཁྱོལ་བྱས་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དགུ་འབུམ་དགུ་ཁྲི་གཉིས་དང་སྟོང་གསུམ་གྲབས་གསོག་བྱས་ནས། གསོ་སྐྱོང་ལ་ཕན་པའི་ལྟེ་གནས15བསྐྲུན། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་མ་བུ་བདེ་སྲུང་ཞབས་ཞུའི་ལྟེ་གནས་ལ་བརྟེན་ནས་རྣམ་གྲངས་དོ་དམ་ལྟེ་གནས་བཙུགས་པ་དང་། ཞང་དང་གྲོང་རྡལ་གྱིས་འཕྲོད་བསྟེན་ཁང་ལ་བརྟེན་ནས་ལག་བསྟར་གཞུང་ལས་ཁང་བཙུགས་པ་མ་ཟད་ཆེད་གཉེར་མི་སྣ་བཀོད་སྒྲིག་དང་། སྡེ་བ་རིམ་པར་ཆེད་གཉེར་བུ་གསོའི་ཟུར་ཁྲིད་པ་བཀོད་སྒྲིག་བྱས། ཞབས་ཞུའི་རྣམ་པ་དེ“འཚོ་བཅུད་ཁུག་མ”སྟེར་བ་ནས་ཁྱིམ་ཚང་དུ་བསྐྱོད་དེ་སྔ་མོ་ནས་སློབ་གསོ་གཏོང་བ་དང་། རྫོང་ཁོངས་ནས་ཚོད་ལྟ་བྱེད་པ་ནས་གྲོང་ཁྱེར་ཡོངས་སུ་ཁྱབ་པ། སྣ་གཅིག་གིས་བདེ་ཐང་ལ་ཐེ་ཇུས་བྱེད་པ་ནས“གསོ་སྐྱོང་དང་སློབ་གསོ”མཉམ་འདྲེས་འཕེལ་རྒྱས་གཏོང་བའི་བར་འགྱུར་ལྡོག་བྱུང་ཡོད།

མཚོ་ཤར་གྲོང་ཁྱེར་གྱིས་ད་དུང་ས་གནས་དེ་གའི་གྲོང་གསེབ་ཀྱི་བུད་མེད321ལས་གྲུབ་པའི་ཆེད་ལས་ཞབས་ཞུའི་དཔུང་ཁག་ཅིག་བཙུགས་ཏེ། “ཁྱིམ་དུ་འཚམས་འདྲི་བྱེད་པ་དང་ལྟེ་གནས་ཀྱིས་གཞོགས་འདེགས་བྱེད་པའི”དཔེ་དབྱིབས་ལག་བསྟར་བྱས་པ་དང་། ཁྱིམ་དུ་འཚམས་འདྲི་བྱེད་པའི་ཞབས་ཞུའི་བཀོལ་སྤྱོད་ཚད་གཞི་དང་གསོ་སྐྱོང་ལ་ཕན་པའི་ལྟེ་གནས་ཀྱི་གཉེར་སྐྱོང་ཚད་གཞི་བཟོས་ནས། “ཟླ་རེར་ལྟ་སྐུལ་མཛུབ་ཁྲིད་དང་དུས་ཚིགས་རེར་དཔྱད་འཇོག”གི་སྤུས་ཚད་དོ་དམ་ཚོད་འཛིན་ལམ་སྲོལ་བཙུགས་ཏེ། “གསོ་སྦྱོང་དང་ལག་ལེན། ལྟ་སྐུལ་མཛུབ་ཁྲིད”ཀྱི་སྒོ་རྒྱག་དོ་དམ་མངོན་འགྱུར་བྱས། མིག་སྔའི་བར་དུ། རིམ་རྩིས་བྱས་ན་ཁྱིམ་ཚང་དུ་བསྐྱོད་དེ་འཚམས་འདྲི་ཐེངས་འབུམ་བདུན་ལྷག་བྱས་པས། གྲོང་ཁྱེར་ཡོངས་སུ་བྱིས་པ་ཕྱོགས་གཉིས་ཀྱི་ཆོས་ཉིད་དང་མཐུན་པའི་ཁེབས་ཚད94%ཡན་ཟིན་ཡོད། “སྨན་བཅོས་དང་སློབ་གསོ་ཟུང་འབྲེལ”གྱི་བྱེད་ཐབས་སྤྱད་དེ། བྱིས་པའི་ལུས་པོར་བརྟག་དཔྱད་དང་། སྔོན་འགོག་སྨན་ཁབ་རྒྱག་པ། བྱིས་པའི་ལུས་ཁམས་བདེ་སྲུང་དོ་དམ། ཁྲིད་སྟོན་གསོ་སྦྱོང་། ཁྱིམ་དུ་འཚམས་འདྲི་རྗེས་འདེད་སོགས་མ་བུའི་ཞབས་ཞུའི་རྣམ་གྲངས་གཅིག་གྱུར་གྱིས་འཆར་འགོད་དང་། བྱིས་པའི་སྔ་དུས་ཀྱི་འཕེལ་རྒྱས“དོ་དམ་དང་གསོ་སྐྱོང་། སློབ་གསོ”བཅས་ཟུང་འབྲེལ་དམ་ཚགས་བྱེད་པའི་མ་དཔེ་གསར་པ་འཚོལ་ཞིབ་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།