“སྐྱེ་ཁམས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་ཡིན་པའི་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཉེ་ཆར། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྐྱེ་ཁམས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་ཡིན་པའི་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འགྲིམ་འགྲུལ་འཆར་འགོད་དང་། ཇུས་འགོད། འཛུགས་སྐྲུན། གཉེར་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། འགྲིམ་འགྲུལ“སྔོ་ལྗང་འདུས་ཚད”ལ་བརྟེན་ནས“རིན་ཐང་ལྡན་ཚད་”ཇེ་མཐོར་བཏང་སྟེ། སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་སྒང་འགྲིམ་འགྲུལ་གྱི་ལམ་བུ་གསར་པ་ཞིག་བཏོད།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའི་ཁོངས་མི། འགོ་གཙོ་གཞོན་པ་ཀྲོའུ་ཡུང་གིས་བཤད་རྒྱུར།“ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོང་ཡག་པོ་བྱེད་ན། ཐོག་མར་འགན་འཁྲི་ཕྲག་ཏུ་འཁུར་བ་དང་སྒྲིག་ལམ་འཛུགས་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དོན་འཁྱོལ་བྱས་ཚུལ་ལོ་འཁོར་གྱི་ལྟ་སྐུལ་ཞིབ་བཤེར་གྱི་གཙོ་གནད་ནང་འཇུག་པ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་དགོས། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་བཟོ་རྒྱུ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་གཞུང་ལམ་འཛུགས་སྐྲུན་གྱི་ཕྱོགས་སྟོན》ལ་བཟོ་བཅོས་བྱས་ནས། 《གཞུང་ལམ་ལས་གཞིའི་ལྗང་མདོག་ལག་བསྟར་ལག་རྩལ་གྱི་ཚད་གཞི》སོགས་ས་གནས་ཀྱི་ཚད་གཞི10ལྷག་འདོན་པ་དང་། ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ཚད་གཞིའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་གཙོ་བོར་འཛིན་པའི“ལས་འགན་མཉེན་པོ”དེ“གཅུན་སྡོམ་བཙན་པོ”རུ་བསྒྱུར་བར་སྐུལ་འདེད་གཏང་རྒྱུ་ཡིན།

མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གཙོ་གནད་འགྲིམ་འགྲུལ་ལས་གཞི་ཚང་མ་རྒྱལ་ཁོངས་བར་སྟོང་འཆར་འགོད་དོ་དམ་ནང་འཇུག་པ་དང་། ཁོར་ཡུག་དཔྱད་འཇོག་ཞིབ་བཤེར་དོན་འཁྱོལ་ནན་མོ་བྱས་ནས་སྐྱེ་ཁམས་གཙོ་བོར་བཟུང་ནས་འཛུགས་སྐྲུན་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱ་རྒྱུ་དང་།  ཚན་རིག་དང་མཐུན་པའི་སྒོ་ནས་ལམ་ཐིག་ཇེ་ལེགས་སུ་གཏོང་བ་དང་། བསྡུར་ཚད་མཐོ་བའི་སྒོ་ནས་ལམ་རྙིང་བསྐྱར་སྤྱོད་བྱེད་པ། གནད་འཁེལ་ངང་ས་སྤྱོད་ཚད་གྲོན་ཆུང་བྱེད་པར་བརྟེན་ནས། ལམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་གང་ཐུབ་བྱ་དགོས། དུས་མཚུངས་སུ་ཨར་ལས་འཛུགས་སྐྲུན་དེ“ལམ་ཞིག་ལས་པར་ལམ་ཁོ་ནར་དམིགས་པའི”སྲོལ་རྒྱུན་གྱི་བསམ་བློ་ལས་སྒྲོལ་ཏེ་ལམ་དང་མཐའ་འཁོར་ཁོར་ཡུག་གི་རང་བྱུང་དང་མཉམ་འདྲེས་བྱས་ནས། “མཐའ་ལྡེབས་བཅོས་སྒྲིག་དང་། ས་དོང་ཡང་བསྐྱར་ལྗང་མདོག་ཏུ་བསྒྱུར་བ། ཆུ་རྒྱུད་སྲུང་སྐྱོབ། སྐྱེ་དངོས་གསོ་སྐྱོང”བཅས་གནས་བཞི་གཞི་གཅིག་གི་སྐྱེ་ཁམས་སླར་གསོའི་མ་ལག་བཙུགས་ཏེ། ཕྱོགས་ཡོངས་ནས་ལམ་ཁོངས་ཀྱི་སྐྱེ་ཁམས་བསྐྱར་སྐྲུན་བྱ་རྒྱུ་རེད། 

འགྲིམ་འགྲུལ་དང་ནུས་ཁུངས་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས། ལྗང་མདོག་ཚུལ་སྒྱུར་ལ་ནུས་པ་སྩོལ་བའི་ཁྲོད་འགྲིམ་འགྲུལ་གྱི་སྦས་ཤུགས་འདོན་སྤེལ་བྱས།  ཐཱན་མེད་རྨང་གཞིའི་སྒྲིག་བཀོད་སྔོན་ལ་འགག་སྒྲོལ་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་ཕུན་སུམ་ཚོགས་པའི་འོད་རྟེན་ཐོན་ཁུངས་ལ་བརྟེན་ནས། རྒྱལ་ཡོངས་ནས་སྔོན་ལ་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་གཞུང་ལམ་ཐཱན་མེད་ཞབས་ཞུ་ཁུལ་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། པ་ཀྲ་དང་གུང་ཧོ་སོགས་ཐཱན་མེད་ཞབས་ཞུ་ཁུལ་ཁག་ཅིག་བཙུགས་ཤིང་།  ལོ་རེར་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་སྟོང་ཝ་ས་ཡ་གསུམ་དང་འབུམ་གསུམ་ཁྲི་དྲུག་ཟིན་པ་དང་། དབྱང་གཉིས་ཐཱན་འགྱུར་ཏུན2311ཇེ་ཉུང་དུ་བཏང་ཞིང་། “འོད་གསོག་ཚ་གསོག”གཞི་གཅིག་ཅན་གྱི་ནུས་ཁུངས་གཙང་མའི་གློག་དྲ་ཆུང་གྲས་ཀྱི་དཔེ་དབྱིབས་རགས་ཙམ་ཆགས་པར་བྱས་ཏེ།  གྲང་ངར་ཆེ་བ་དང་ས་བབ་མཐོ་བའི་ས་ཁུལ་གྱི་འགྲིམ་འགྲུལ་ལྗང་གློག་གི་ཚབ་བྱེད་པར“མཚོ་སྔོན་གྱི་ཇུས་གཞི”མཁོ་འདོན་བྱས།  དུས་མཉམ་དུ་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་ཇེ་མགྱོགས་སུ་བཏང་བ་དང་ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་ཚང་མར་གློག་གསོག་སྒྲིག་ཆས་ཡོད་པར་བྱས་ཏེ། ནུས་ཁུངས་གསར་པའི་རླངས་འཁོར་བདག་པོ་མཐོ་སྒང་དུ་འགྲོ་སྐྱོད་བྱེད་སྐབས“སེམས་ཁྲལ་མེད་པར་བྱས།

སྐྱེ་ཁམས་དམངས་ཕན་ལ་དམིགས་ནས། ལྗང་མདོག་གྲུབ་འབྲས་མཉམ་སྤྱོད་ཁྲོད་དམངས་འཚོའི་ཕན་བདེ་ཇེ་ལེགས་སུ་བཏང་། མཚོ་སྔོན་ཞིང་ཆེན་གྱིས་ལམ་དྲའི་དགེ་མཚན་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་གྱི་མཛེས་ལྗོངས་བསྐྲུན་པ་དང་།  མཛེས་ལྗོངས་ཁུལ་ཤར་གཏོང་ཐུབ་པ་དང་ལམ་ཁོངས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འབབ་འཕར་ལ་རམ་འདེགས་དང་། ཟེགས་ལམ་ཡང་བསྐྱར་བཀོལ་སྤྱོད་བྱེད་པའི་ལག་རྩལ་གསར་གཏོད་དང་ཁྱབ་གདལ་བཏང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྤྱི་ལེ་ཁྲི་ལྷག་གི་གྲོང་གསེབ་འགྲོ་ལམ་སྒྱུར་བཀོད་བྱས་པ་དང་། ཉམས་མྱོང་དེར་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཐུབ་པའི་འགྲིམ་འགྲུལ་གྱི་ཕུལ་བྱུང་དཔེ་མཚོན་གྱི་གདེང་འཇོག་ཐོབ།  དེ་དང་ཆབས་ཅིག་དམངས་ཕན་ཟམ་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་རོང་འབྲོག་ཁུལ་གྱི་ཕྱིར་སྐྱོད་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། ལས་གཞི་འཛུགས་སྐྲུན་ཁྲོད་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་ཐབས་དོན་འཁྱོལ་བྱས་ནས། ཆུ་དང་བྱ་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་ཉམས་གསོ་བྱས་ནས་འགྲིམ་འགྲུལ་འཕེལ་རྒྱས་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་བྱས། 

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཙུའུ་ཡི་ཁོངས་མི། ཐིང་ཀྲང་གཞོན་པ་ཀྲོའུ་ཡུང་གིས་བཤད་རྒྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བཅངས་ཏེ།  “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་ལས་འགན་གཙོ་བོ་མཐའ་གཅིག་ཏུ་བརྟན་པོར་འཁུར་བ་དང་། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་”དེར་གཡོ་འགུལ་མེད་པ། སྔར་བས་མཐོ་སར་ལངས་ནས་ཇུས་འགོད་དང་། སྔར་བས་མཐོང་ཡངས་པའི་བཀོད་སྒྲིག སྔར་བས་ཏན་ཏིག་གི་བྱེད་ཐབས་བཅས་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ལ། འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་སྒོས་སྐྱེད་སྲིང་བྱས་ཏེ། འགྲིམ་འགྲུལ་ལམ་ཐིག་དེ་སྐྱེ་ཁམས་ལམ་ཐིག་དང་། ཡུལ་ལྗོངས་ལམ་ཐིག ཚེ་སྲོག་གི་ལམ་ཐིག་བཅས་སུ་བཏོད་དེ། སྤྱི་ལེ་རེ་རེའི་གཞུང་ལམ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་གདུང་འདེགས་ཀ་བ་རུ་བསྒྱུར་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཁྲོད་ནས། བློ་བརྟན་འགྱུར་མེད་ངང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི“ལམ་གཏོད་པ་བཟང་པོ་བྱ་རྒྱུ་ཡིན། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།