འཕྲལ་བསྟུན་དོ་དམ་པུའུ་ཡིས་བརྙན་ལམ་བརྒྱུད་ནས་རྒྱལ་སྟོན་གུང་གསེང་གི་བདེ་འཇགས་སྔོན་འགོག་ལས་དོན་བཀོད་སྒྲིག་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10པའི་ཚེས3ཉིན། འཕྲལ་བསྟུན་དོ་དམ་པུའུ་ཡིས་བརྙན་ལམ་བརྒྱུད་ནས་རྒྱལ་སྟོན་གུང་གསེང་གི་བདེ་འཇགས་སྔོན་འགོག་ལས་དོན་བཀོད་སྒྲིག་བྱས། གསར་འགོད་པས་ཚོགས་འདུ་ལས་ཤེས་གསལ་ལྟར་ན། མིག་སྔར་འཕྲལ་བསྟུན་དོ་དམ་པུའུ་དང་ཞིང་ཆེན་སོ་སོས་ཞིབ་བཤེར་ཚོགས་ཆུང་ཁྱོན་པས4200ལྷག་ཙམ་མངགས་གཏོང་བྱས་པ་དང་།གནད་དོན་དང་མངོན་མེད་རྐྱེན་ངན་ཁྲི4ལྷག་རྙེད་ཡོད་པ་རེད། 

ཚོགས་འདུ་ལས་བསྟན་དོན། རྒྱལ་ཁབ་ནགས་ཚལ་མེ་ཟོན་བཀོད་འདོམས་གཞུང་ལས་ཁང་གིས་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བྱས་པ་ལྟར་ན། པེ་ཅིན་ནུབ་བྱང་རྒྱུད་དང་། ཧོ་པེ་ནུབ་བྱང་རྒྱུད། ཧྲན་ཞི་དབུས་བྱང་རྒྱུད། ནང་སོག་ཤར་རྒྱུད། ལིའོ་ཉིང་ལྷོ་ནུབ་རྒྱུད། ཧྲན་ཏུང་ཤར་ལྷོ་རྒྱུད། ཞིན་ཅང་བྱང་ཕྱོགས་བཅས་སུ་ཉེ་ཆར་ནགས་ཚལ་རྩྭ་ཐང་ལ་མེ་སྐྱོན་ཤོར་ཉེན་ཆེ་ཙམ་ཡོད་ཅིང་། དེ་མ་ཟད་ཡུལ་སྐོར་བས་རང་འཁོར་བཏང་ནས་རི་ཁུལ་དུ་འགྲོ་བ་མང་བ་དང་མཛེས་ལྗོངས་ས་ཚིགས་ཀྱི་མེ་ཁུངས་ཚོད་འཛིན་བྱེད་དཀའ་བར་གྱུར་ཡོད། འབྲེལ་ཡོད་ས་ཁུལ་གྱིས་མེ་འགོག་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། མེ་ཁུངས་ཚོད་འཛིན་ནན་མོ་བྱེད་པ། མེ་འགོག་དྲིལ་བསྒྲགས་ཤུགས་ཆེར་སྤེལ་བ། ཁ་གཏད་ཐག་གཅོག་ལས་དོན་ཡག་པོར་སྒྲུབ་དགོས།

ཚོགས་འདུ་ལས་ས་གནས་སོ་སོས་ཉེན་ཁ་དཔྱད་དཔོག་སྔར་བས་ཤུགས་སྣོན་དགོས་པ་དང་། དུས་ཆེན་གྱི་གནམ་གཤིས་གནས་ཚུལ་དང་དོན་རྐྱེན་གནོད་འཚེ་སྙན་ཞུ་འབྱོར་ཚུལ་ཟུང་འབྲེལ་བྱས་ཏེ། ས་གནས་དེའི་ཉེན་ཁ་རྒྱུན་མཐུད་ངང་དཔྱད་དཔོག་བྱེད་པ་དང་། ས་གནས་སོ་སོའི་བདེ་སྲུང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་གནོད་འགོག་གེགས་སེལ་བཀོད་འདོམས་པུའུ་ཡི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། འགན་ནུས་སྡེ་ཚན་དང་མཉམ་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཉེན་ཁ་སེལ་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།