《མཚོ་ཤར་གྲོང་ཁྱེར་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་གྲངས་འཛིན་མཚོ་ཤར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ》དངོས་སུ་བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཉེ་སྔོན། མཚོ་ཤར་གྲོང་ཁྱེར་གྱིས《མཚོ་ཤར་གྲོང་ཁྱེར་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་གྲངས་འཛིན་མཚོ་ཤར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”》དངོས་སུ་དཔར་འགྲེམ་ལག་བསྟར་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་འཕེལ་རྒྱས་ཀྱི་ཐབས་ལམ་བསྟན། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ཡོངས་ལ་ཁྱབ་འགྱེད་བྱེད་པའི“རྩིས་ནུས་སྤང་ལྗོངས”བསྐྲུན་ནས། 2030ལོར་ཚད་ལྡན་འཕྲུལ་སྟེགས་ཁྲི6ཡན་ཟིན་པ་དང་། སྤྱིའི་རྩིས་ནུསPཁྲི6ལས་བརྒལ་བར་བྱེད་པ། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཁེ་ལས400ཡན་ཟིན་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་གཞི་གྲངས་གཅིག་སྡུད10ཡན་བསྐྲུན་རྒྱུ། ཁྱད་ལྡན་ཉེར་སྤྱོད་རྣམ་པ20ཡན་བསྐྲུན་རྒྱུ། གྲངས་འཛིན་ལས་ཞུགས་ལས་གནས3000ཡན་གསར་སྣོན་བཅས་བྱ་རྒྱུ་རེད།

《འཆར་འགོད》ལས་མཚོ་ཤར་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”བཟོ་སྐྲུན་འགན་ལེན་བྱེད་པའི་གནད་འགག་དུས་སྐབས་དང་། མདོ་དབུས་མཐོ་སྒང་གི་གྲངས་འཛིན་དཔལ་འབྱོར་ཚན་རྩལ་གསར་གཏོད་མཐོ་ས། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་ཐོན་ལས་གཅིག་སྡུད་ཁུལ་བཅས་བསྐྲུན་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད། བར་སྟོང་བཀོད་སྒྲིག་ཐད། “གཤོག་གསུམ་སྣེ་ཁྲིད་དང་གནས་དྲུག་མཐུན་སྦྱོར”གྱི་ཐབས་ཇུས་བཏོན་ཏེ། རྨ་ཙོང་ཁུལ་གསར་གྱི་ནུབ་གཤོག་གཞི་གྲངས་ཆེན་པོའི་ཐོན་ལས་གླིང་དང་། ཤར་གཤོག་ཐཱན་མེད་ཐོན་ལས་གླིང་། བྱང་གཤོག་ཟོང་འགྲུལ་ཐོན་ལས་གླིང་བཅས་ལ་བརྟེན་ནས། ལྗང་མདོག་རྩིས་ནུས་ལྟེ་བའི་ཐོན་ལས་མུ་ཕྲེང་སྟོབས་ལྡ་དུ་གཏོང་རྒྱུ་རེད། རྫོང་དང་ཆུས་དྲུག་གིས་གཞི་གྲངས་བཀོད་ཁྱབ་ཀྱི་གསར་གཏོད་ཚོད་ལྟ་ཁུལ་དང་། གྲངས་འཛིན་ཚན་རྩལ་གསར་གཏོད་གསོ་སྐྱོང་ལྟེ་གནས། བཟོ་ལས་གྲངས་འཛིན་ཅན་གྱི་རྟེན་གཞི། མཐོ་སྒང་གི་ཁྱད་ལྡན་སྤྱི་ཁྱབ་པུའུ་ཡི་དཔལ་འབྱོར། འཐེན་ཐུག་གྲངས་འཛིན་སྤྱི་ཁྱབ་པུའུ། རྨ་ཆུའི་སྟོད་རྒྱུད་ཀྱི་རིག་གནས་ཡུལ་སྐོར་གྲངས་འཛིན་ཚོད་ལྟ་བཅས་བཀོད་སྒྲིག་བྱས་ནས། བར་ཁྱད་ཅན་གྱི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་ཡོད།

ལྗང་གློག་དང་རྩིས་ནུས་ཟུང་སྦྱོར་འཕེལ་རྒྱས་ལ་དམིགས་ཏེ། མཚོ་ཤར་གྲོང་ཁྱེར་གྱིས་དུས་རིམ་དགར་ནས་ཁཱ་འབུམ་རིམ་པའི་རྩིས་ནུས་འདུས་ཚོགས་བསྐྲུན་ཏེ། མཐོ་སྒང་སོན་ཁུངས་དང་འཐེན་ཐུག་ཐོན་ལས། བོད་ལུགས་གསོ་རིག་སོགས་ཁྱད་ལྡན་གཞི་གྲངས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས། “མི་ཐབས་རིག་ནུས་དང་མཉམ་འབྲེལ”གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ། རྫོང་རེར་ཐབས་ཇུས་གཅིག་རེ་བཏོན་ནས་གྲང་འཁྱག་སྔོ་ཚལ་དང་། ནོར་གནག་དང་བོད་ལུག འཐེན་ཐུག་དཔལ་འབྱོར། རྨ་ཙོང་རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་གཉེར་བར་ནུས་པ་སྩོལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།