རྒྱལ་སྟོན་གུང་གསེང་གི་སྐབས་སུ་མི་མི་ཉུང་བ་ཞིག་གིས་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུར་རང་ཉིད་ཀྱི་གུང་གསེང་འཚོ་བ་མཉམ་སྤྱོད་བྱེད་ཀྱི་ཡོད་མོད། ཡིད་འཇོག་བྱ་རྒྱུ་ཞིག་ལ་འདྲ་པར་འདི་རིགས་བསྐུར་ན་རང་ཉིད་ཀྱི་གསང་བ་ཕྱིར་ཤོར་བའི་ཉེན་ཁ་འདུག
1. ས་གནས་སམ་སྡོད་གནས་ཀྱི་ཆ་འཕྲིན་སྦྲེལ་བའམ་བཀོད་པའི་འདྲ་པར་རིགས།
གྲོགས་ཚོམས་སུ་ས་གནས་སམ་སྡོད་གནས་ཀྱི་ཆ་འཕྲིན་སྦྲེལ་བའམ་བཀོད་པའི་འདྲ་པར་བསྐུར་ན་སྡོད་གནས་སམ་གར་འགྲོ་གནས་ཚུལ་ཕྱིར་ཤོར་སླ་བས་རང་གི་བདེ་འཇགས་ལ་མི་མངོན་པའི་ཉེན་ཁ་སྤྲད་སྲིད།
2. ཐོབ་ཐང་ལག་འཁྱེར་དང་། ལམ་ཡིག ཁ་ལོ་བའི་ལག་འཁྱེར་སོགས་དཔང་ཡིག་རིགས།
དཔང་ཡིག་དེ་རིགས་ནང་མི་སྒེར་གྱི་གསང་བ་གལ་ཆེན་འདུ་བས། དྲ་སྒང་དུ་གང་བྱུང་དུ་མ་བསྟན་ན་ལེགས།
3. རླངས་འཁོར་གྱི་འཁོར་རྟགས་དང་།འགྲིམ་འགྲུལ་དཔང་ཡིག་ལ་སོགས།
ཁྲིམས་འགལ་པས་འཁོར་རྟགས་ཀྱི་འདྲ་པར་ལ་བརྟེན་ནས་འཁོར་བདག་གི་ཆ་འཕྲིན་རྩད་གཅོད་སྲིད་པ་དང་། དེ་ལ་བརྟེན་ནས་གློག་འཕྲིན་ཁ་བསླུས་རྒྱག་སྲིད་པའི་ཉེན་ཁ་ཡོད།
4. དངུལ་བྱང་།
དངུལ་བྱང་གི་ཨང་གྲངས་དང་དངུལ་བྱང་གི་ཆ་འཕྲིན་གཞན་དག་གི་འདྲ་པར་གྲོགས་ཚོམས་སུ་བསྟན་ན་ཁྲིམས་འགལ་བས་རྐུ་སྤྱོད་བྱེད་སླ་བ་མ་ཟད། རྒྱུ་ནོར་གྱི་གྱོང་རག་པའི་ཉེན་ཁ་ཆེ།
5. མྱུར་སྐྱེལ་གྱི་སྒམ་ཕྱེ་བའི་འདྲ་པར་དང་བརྙན།
མྱུར་སྐྱེལ་དངོས་ཟོག་ལག་ཏུ་འབྱོར་རྗེས། མི་ལ་ལ་འདྲ་པར་དང་ཡང་ན་བརྙན་ལེན་རྒྱུར་དགའ་བོ་ཡོད་པས། འདྲ་པར་དང་བརྙན་ཆ་ཚང་གིས་མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་ནས་ཁྲིམས་འགལ་བར་གོ་སྐབས་སྤྲད་སྲིད།
6. ལོ་ལོན་དང་བྱིས་པར་འབྲེལ་བའི་ཆ་འཕྲིན་རིགས།
ལོ་ལོན་དང་བྱིས་པའི་འདྲ་པར་དང་མིང་སོགས་གང་བྱུང་དུ་བསྟན་མི་རུང་། ཁྲིམས་འགལ་བས་ཕྱིར་ཤོར་བའི་ཆ་འཕྲིན་དེ་དག་ལ་བརྟེན་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་སྲིད།
7. ཁྱིམ་གྱི་ལྡེ་མིག
ད་ལྟ་བརྙན་ལེན་ལག་རྩལ་ཧ་ཅང་དར་ཆེ་བས། འདྲ་པར་སྟེང་གནས་ཕྲ་མོ་ཡང་གསལ་བོར་མཐོང་ཐུབ། གལ་ཏེ་ཁྱིམ་གྱི་ལྡེ་མིག་བསྟན་པ་དང་ལྡེ་མིག་གི་བཟོ་སྟངས་ཧ་ཅང་བདེ་བོ་ཞིག་ཡིན་ཚེ། འདྲ་པར་སྟེང་གི་ལྡེ་མིག་ལ་བལྟས་ཏེ་ལྡེ་མིག་ཨ་ན་མ་ན་ཞིག་བཟོས་ནས་ཁྱིམ་ཚང་གི་བདེ་འཇགས་ལ་འཇིགས་སྐུལ་བྱེད་སྲིད།
འོ་ན་གསང་བ་ཕྱིར་མི་ཤོར་བའི་ཐབས་ཅི་ཞིག་ཡོད་ཅེ་ན།
སྐད་འཕྲིན་གྱི“设置-朋友权限-添加我的方式”ཁྲོད་ཀྱི“可通过手机号搜索到我”ཞེས་པའི་སྒོ་རྒྱག་རོགས།
སྐད་འཕྲིན་གྱི“设置-朋友权限-朋友圈”འདེམ་གསེས་ཁྲོད། “允许陌生人查看十条朋友圈”ཞེས་པའི་སྒོ་རྒྱག་རོགས།
སྐད་འཕྲིན་ནང་གི“附近的人”ཞེས་པའི་བྱེད་ནུས་དེས་ཁྱེད་ཀྱི་སྡོད་གནས་ཤེས་ཐུབ་པས། སྐད་འཕྲིན་གྱི “设置-其他功能-发现页-附近的人”ལས“不显示”གདམ་རོགས།
མཐར་གོང་གི་གནས་ཚུལ་འདི་གཉེན་ཉེ་གྲོགས་པོ་རྣམས་ལ་བསྐུར་ནས་ཕན་ཚུན་ལ་གསལ་འདེབས་བྱེད་རྒྱུ་མ་བརྗེད་རོགས།