ལུའོ་ཏུང་ཁྲོན་གྱིས་ཆིང་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཆིའུ་ཡུང་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ལོ་ངོ25འཁོར་བའི་བྱེད་སྒོར་ཞུགས་ཆེད་མཚོ་སྔོན་དུ་འོང་བའི་ཆིང་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲུང་གོ་ཚན་རིག་སློབ་གླིང་གི་གླིང་གཙོ་ཆིའུ་ཡུང་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཆིའུ་ཡུང་འཁོར་དང་བཅས་པ་མཚོ་སྔོན་དུ་འོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཁ་གཏད་རོགས་སྐྱོར་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་གྱི་ཐག་གཅོད་ཡིན་ལ། ད་ལོ་ནི་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ལོ་ངོ25འཁོར་བའི་ལོ་ཡིན། ཆིང་ཧྭ་སློབ་ཆེན་ནི་རྒྱལ་ནང་གི་མཐོ་རིམ་སློབ་གསོའི་སྣེ་ཁྲིད་པ་ཡིན་པས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་ཏེ། མཚོ་སྔོན་སློབ་ཆེན་གྱིས་བསླབ་ཚན་གསར་འཛུགས་དང་འཇོན་མི་གསོ་སྐྱོང་། ཚན་ཞིབ་གསར་གཏོད། དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་མཆོང་བསྐྱོད་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་གཞོགས་འདེགས་བྱས་པ་དང་། མཚོ་སྔོན་གྱི་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཇོན་མི་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ་བྱས་རྗེས་གལ་ཆེན་བཞག་ཡོད། ཞིང་ཆེན་དང་སློབ་གྲྭ་ཕྱོགས་གཉིས་ཀྱིས་རབས་གསར་བའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་གཞིར་མིང་རྟགས་འགོད་པ་གོ་སྐབས་སུ་བཟུང་སྟེ། དག་གཙང་ནུས་ཁུངས་ཀྱི་རྟེན་གཞི་ཆེན་མོ་དང་མཐོ་སྒང་སྐྱེ་ཁམས་ཀྱི་ཞིབ་འཇུག ལྗང་མདོག་རྩིས་ནུས། གནམ་དཔྱད་ལྟ་འཇལ་རྟེན་གཞི་སོགས་གཙོ་གནད་ལས་གཞི་དང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གོམ་གང་མདུན་སྤོས་ཀྱིས་ཤུགས་བསྣན་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཐབས་ཇུས་ཀྱི་འདེགས་སྐྱོར་ལ་ཞབས་ཞུ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱས་ཏེ། ལག་གདང་སྦྲེལ་ནས་ཁ་གཏད་རོགས་སྐྱོར་དང་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་བགྲོད་ལམ་གསར་བ་འབྱེད་པའི་རེ་བ་ཡོད་ཟེར།

ཆིའུ་ཡུང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་རྟག་ཏུ་ཆིན་ཧྭ་སློབ་ཆེན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་སློབ་ཆེན་གྱི་ཁ་གཏད་རོགས་སྐྱོར་ནི་ཏང་ཀྲུང་དབྱང་གིས་བསྩལ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཡུན་རིང་གི་འགན་འཁྲི་ཡིན། ལོ25རིང་གི་མཉམ་ལས་ཀྱི་བརྒྱུད་རིམ་ཁྲོད། ཆིན་ཧྭ་སློབ་ཆེན་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་བསྐྱོད་བྱས་ཡོད་ལ། ཁྱབ་ཁོངས་མང་བོ་ཞིག་ནས་ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས་ཏེ། ཕྱོགས་གཉིས་ཀྱིས་གཉིས་ཕན་ནུས་འདོན་དང་ཕན་ཚུན་ལ་གྲུབ་འབྲས་བསྐྲུན་པ་མངོན་འགྱུར་བྱུང་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་བར་གདོང་གཏད་དེ། ཐབས་ཇུས་གྲོས་གཞིའི་ནང་དོན་དོན་འཁྱོལ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། ཚྭ་མཚོའི་ཐོན་ཁུངས། མི་ཐབས་རིག་ནུས། གནམ་དཔྱད། ས་གཤིས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཧུར་ཐག་གིས་སློབ་གྲྭ་དང་སློབ་གྲྭའི་བར་གྱི་མཉམ་ལས་དང་། ཞིང་ཆེན་དང་སློབ་གྲྭའི་བར་གྱི་མཉམ་ལས་ལ་བགྲོད་ལམ་ཡང་དག་བཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལེའུ་འབད་པས་རྩོམ་པར་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆི་ཧྥན་དང་། ཚའོ་ཅུན། དབྱང་ཀྲི་ཝུན་བཅས་ཐུག་འཕྲད་ལ་ཞུགས།

ལོ་འཁོར་གྱི་བྱེད་སྒོའི་སྐབས་། ལུའོ་ཏུང་ཁྲོན་གྱིས་ད་དུང་ནུབ་བྱང་ཞིང་ལས་དང་ནགས་ལས་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ་ཝུའུ་ཕུའུ་ཐེ་དང་། ཀྲུང་གོ་ས་གཤིས་སློབ་ཆེན་པེ་ཅིང་སློབ་ཁུལ་གྱི་སློབ་གཙོ་ཀྲའོ་ཀྲི་ཏན། ཧྭ་ཏུང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཅང་ཁྲོན་ཧའེ། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲའོ་ཝུན་ཧྭ། པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་ལི་ནན་སོགས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭའི་འགན་འཁུར་བློ་མཐུན་དག་དང་ཐུག་འཕྲད་བྱས། ཞིང་ཆེན་སྲིད་གཞུང་དང་ཆིང་ཧྭ་སློབ་ཆེན་གཉིས་ཀྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་གཞིར་མིང་རྟགས་བཀོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།