འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས48པ་ཧྲང་ཧའེ་རུ་གཟབ་རྒྱས་ངང་འགོ་བརྩམས་ཤིང་། ལི་ཆང་མཛད་སྒོར་ཞུགས་པར་མ་ཟད་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས48པ་ཚེས22ཉིན་གྱི་དགོང་མོ་ཧྲང་ཧའེ་རུ་གཟབ་རྒྱས་ངང་འགོ་བརྩམས།     འགོ་རྩོམ་མཛད་སྒོའི་སྟེང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་འཕྲིན་སྒྲོག་འདོན་གནང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་འགོ་བརྩམས་པ་ཁྱབ་བསྒྲགས་གནང་། 

མཚན་མོའི་ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམས་ཚོགས་ལྟེ་གནས་སུ་གློག་འོད་རྣམ་པར་བཀྲ་ཞིང་དང་བཀྲག་མདངས་རབ་ཏུ་འཚེར།

དགོང་མོའི་ཆུ་ཚོད་བརྒྱད་པར་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས48པའི་འགོ་རྩོམ་མཛད་སྒོ་འགོ་བརྩམས་ཤིང་། རྒྱལ་ཁབ་དང་ས་ཁུལ68ཀྱི་འཐུས་ཚབ་ཚོགས་པ“རྩལ་ནུས་ཕུགས་འདུན་ལམ་ཆེན”བརྒྱུད་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཚོགས་རྭར་ཞུགས།

《ང་རང་ཀྲུང་གོ་ལ་དགའ》ཞེས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོའི་ཀྲུང་གོའི་གསེར་གྱི་རྟགས་མ་ཐོབ་མཁན6གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ཁྱེར་ནས་ཡུལ་དངོས་སུ་སླེབས།      ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

དེའི་རྗེས་རིག་རྩལ《རྩལ་ནུས་ལ་བརྟེན་ནས་མདུན་ལམ་གསལ་བར་བྱེད》ཅེས་པ་འཁྲབ་སྟོན་བྱས། 

ཨེ་ཙེ་ཨོ་ཕི་ཡ་དང་།     རྒྱ་གར།       ཀྲུང་གོ་བཅས་ཀྱི་འགྲན་ཞུགས་པ་དང་ཨིར་ལན་དང་། མོ་ཞི་ཁོ།   ཕོ་ལན་བཅས་ཀྱི་ཆེད་མཁས་པས་འགྲན་ཞུགས་པ་ཡོངས་དང་ཆེད་མཁས་པའི་ཚབ་ཞུས་ནས་དམ་བཅའ་བཞག

འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་གླུ་སྐད་ཁྲོད་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་ཚོགས་དར་དལ་བུར་མཁའ་ལ་འཕགས།

འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས48པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།  ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཅི་ཉིང་། འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས48པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རིན།   མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཕིང་།   འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་ཀྲུའུ་ཞི་ཝུའུ་ཧན་གྱིས་ཤིས་ཚིག་ཕུལ། འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་ཨང་དང་པོའི་འབྲེལ་གཏུག་ཚོགས་ཆུང་གི་འཐུས་མི་ཝ་ལི་ཡེ་ཝ་ཡིས་གཏམ་བཤད་སྤེལ།

དགུང་མོའི་ཆུ་ཚོད་དགུ་དང་སྐར་མ་བཞི་བཅུའི་སྟེང་ལི་ཆང་གིས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས48པ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། 

ཀྲུང་གོ་དང་ཕྱི་རྒྱལ་གྱི་རྩལ་ནུས་སྟོན་པའི་གཞོན་ནུ་ཚོས་སྐབས་འདིའི་འགྲན་བསྡུར་ཆེན་མོའི་བརྗོད་དོན་གླུ་དབྱངས《རྩལ་ནུས་ལ་བརྟེན་ནས་མདུན་ལམ་གསལ་བ》ཞེས་པ་མཉམ་དུ་བླངས། 

མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་འགོ་རྩོམ་མཛད་སྒོར་ཕེབས།  རྒྱལ་ཁབ་དང་ས་ཁུལ་མང་པོ་ནས་ཡོང་བའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འབྲེལ་ཡོད་འགན་འཁུར་བ་འགོ་རྩོམ་མཛད་སྒོར་ཞུགས།

ཝུའུ་ཀྲེང་ལུང་དང་ཧྲིན་དབྱི་ཆིན་རྣམ་གཉིས་འགོ་རྩོམ་མཛད་སྒོར་ཕེབས། 

འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོ་དེ་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱིས་གཙོ་གཉེར་བྱེད་བཞིན་ཡོད་ཅིང་ལོ་གཉིས་རེར་ཐེངས་རེ་སྒྲུབ་བཞིན་ཡོད། སྐབས་འདིའི་འགྲན་བསྡུར་ཆེན་མོའི་བརྗོད་དོན་ནི“རྩལ་ནུས་ལ་བརྟེན་ནས་འཛམ་གླིང་ལ་འགྱུར་བ་གཏོང་།  རྩལ་ནུས་གྱི་མདུན་ལྗོངས་ལ་མཚར་སྡུག་བསྐྲུན་ཞེས་པ་དེ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།