ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པ་མཇུག་བསྒྲིལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9ཚེས23ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པ་མཇུག་སྒྲིལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་དང་། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལུའི་ཀང་། ཝང་ཅིན་ཀྲའེ། ཚའེ་ཁྲེང་ཡུང་། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཁྱོན་སྡོམ་མི54གྲོས་ཚོགས་སུ་ཞུགས་པ་དང་། ཁྲིམས་ལྟར་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། དབྱང་ཧྥེང་ཁྲུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་འདུའི་སྟེང《མཚོ་སྔོན་ཞིང་ཆེན་སྐུད་མེད་གློག་གི་དོ་དམ་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་ལས་ཁུངས་ཀྱི་ལས་དོན་དོ་དམ་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་ཁོར་ཡུག་གི་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་གཏན་འབེབས》། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《ཟི་ལིང་གྲོང་ཁྱེར་གྱི་གཟན་སྒྲའི་འབགས་བརྫད་བཅོས་སྐྱོང་སྲོལ་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མྱུར་སྐྱེལ་ཁྲོམ་རའི་དོ་དམ་སྲོལ་ཡིག》ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གོམས་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག 》ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན་གྱི་སྐུལ་འདེད་སྲོལ་ཡིག》ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད། 《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྐོར་གྱི་སྙན་ཞུ》བཅས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་འབྲེལ་ཡོད་མི་དོན་བྱ་བར་གྲོས་འཆམ་བྱུང་།

ཚོགས་འདུའི་སྟེང་གསར་དུ་བསྐོས་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣར་བསྐོ་གཞག་ཡི་གེ་སྤྲད།

གྲོས་ཚོགས་སྟེང་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

གྲོས་ཚོགས་ཀྱི་སྐབས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་ཞིང་ཆེན་ཆུ་བེད་ཐིང་གིས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་བསྒྲུབས་པའི་གནས་ཚུལ་ལ་བློ་ཡིད་ཚིམ་ཚད་ཀྱི་དཔྱད་འཇལ་བྱས།

ཧྲེང་ཀྲང་གཞོན་པ་ལི་ཧུང་ཡ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིང་ཅིག  ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་སོགས་ཚོགས་འདུར་ཟུར་ཞུགས་བྱས།

གྲོས་ཚོགས་ཀྱི་རྗེས་སུ། ས་གནས་དེ་གར་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་བདུན་པ་སྟེ《རླངས་ནུས་ནས་རིག་ནུས་བར་གྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་གཏན་ཚིགས་དང་ཐབས་ཇུས་ཀྱི་གྲོས་གཞི》ཞེས་པ་སྤེལ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།