ཚེས22ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིང་དུ་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ནཱ་ལི་པ་ཡེ་ཧྥུའུ་དང་མཇལ་འཕྲད་གནང་།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་ཧ་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་ཞིང་ལས་དབང་གཅིག་མཐུན་གྱི་ཁྱིམ་མཚེས་ཡག་པོ་དང་གྲོགས་པོ་བཟང་བོ་ཡིན། ད་ལོའི་ཟླ་7པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ་དང་ཞལ་འཛོམས་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཕྱོགས་གཉིས་ཀྱི་ཀྲུའུ་ཞི་ཡིན་པའི་ཆ་ནས། ང་ཚོས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ངོས་འཛིན་གཅིག་མཐུན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཉོ་ཚོང་དངུལ་འཇོག་དང་མི་ཐབས་རིག་ནུས། ལྗང་མདོག་གཏེར་ཐོན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་འཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་སྔར་ལས་ཆེ་རུ་གཏོང་དགོས།
ནཱ་ལི་པ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་མཛུབ་ཁྲིད་གཞིར་བཟུང་སྟེ། སྔར་ལས་འཕེལ་རྒྱས་དམ་ཟབ་དང་ཕན་འབྲས་ལྡན་པའི་མཉམ་ལས་བྱས་ཏེ། ཧ་ཀྲུང་གི་འབྲེལ་བའི་འཕེལ་རྒྱས་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་སྤེལ་གཏོང་འདོད་ཡོད།