ཟླ9པའི་ཚེས21ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པ་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥིན་ཁྲོན་དང་། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལུའེ་ཀང་། ཝང་ཅིན་ཀྲའེ། ཚའེ་ཁྲེན་ཡུང་། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་བཅས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི53གྲོས་ཚོགས་ལ་ཞུགས་པ་དང་། ཁྲིམས་བཀོད་མི་གྲངས་དང་མཐུན། དབྱང་ཧྥིན་ཁྲོན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།
གྲོས་ཚོགས་ལས་འདེམས་རྩིས་ཡོད་པའི་འདེམས་མིས་གཏམ་བཤད་ལ་ཉན།
གྲོས་ཚོགས་ལས་སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་སྐུད་མེད་གློག་དོ་དམ་སྲོལ་ཡིག་གི་འཆར་ཟིན》གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་ལས་དོན་དོ་དམ་སྲོལ་ཡིག་གི་འཆར་ཟིན》གྱི་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ཁོར་ཡུག་ཞིབ་བཤེར་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཐག་གཅོད་འཆར་ཟིན》གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་སྐོར་གྱི་གྲོས་གཞིའི་གསལ་བཤད་དང་། 《ཟི་ལིང་གྲོང་ཁྱེར་གྱི་འཛེར་སྒྲའི་གནོད་པ་འགོག་བཅོས་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་སྐྱེལ་ཚོང་ར་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་བསྒྱུར་བར་སྐུལ་སྤེལ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་སྲོལ་ཡིག》སྐོར་གྱི་གསལ་བཤད་བཅས་ལ་ཉན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲུང་ཧོང་ཡོན་གྱིས་ཕུལ་བའི《མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྐོར་གྱི་སྙན་ཞུ》ལ་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཀྲུང་ཧོང་ཡོན་གྱིས་ཕུལ་བའི《མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་སྐུལ་སྤེལ་བཅའ་ཁྲིམས>དང<མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་སྐུལ་སྤེལ་སྲོལ་ཡིག>ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ》ལ་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ལིའུ་ཐུང་ཏི་ཡིས་ཕུལ་བའི《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཚུང་གིས<མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག>ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ》ལ་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཝང་ཅིན་ཀྲའེ་ཡིས་ཕུལ་བའི《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཚན་ཆུང་གིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས>དང<མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་སྲོལ་ཡིག>ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ》ལ་ཉན། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ》སོགས་ལ་ཉན་པ་མ་ཟད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་། ཞིང་ཆེན་ཆུ་བེད་ཐིང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ལས《ཟི་ལིང་གྲོང་ཁྱེར་གྱི་འཛེར་སྒྲའི་གནོད་པ་འགོག་བཅོས་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་སྐྱེལ་ཚོང་ར་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་བསྒྱུར་བའི་སྐུལ་སྤེལ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2025ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》དང་། 《མཚོ་སྔོན་ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་སྒྲུབ་སྐུལ་སྐོར་གྱི་སྙན་ཞུ》བཅས་དཔར་སྐྲུན་འགྲེམ་སྤེལ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་མེ་ཕིན་དང་། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲང་ཙི་ཅོན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།