
བགྲོ་གླེང་ཚོགས་འདུའི་མགོ་རྩོམ་བཞིན་པའི་ཚུལ།
(གསར་འགོད་པ། ལྷ་ཆེན་རྒྱལ། ལྷ་དཔལ་སྐྱབས།)ཟླ9པའི་ཚེས21ཉིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁེ་ལས་སུ་སྤེལ་པར་སྐུལ་འདེད་གཏང་ཆེད། ཀྲུང་གུང་མགོ་ལོག་ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མགོ་ལོག་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་མཛད་ཅིང་། མགོ་ལོག་ཁུལ་གངས་ལྗོངས་ཞིང་ཕྱུགས་འཕེལ་རྒྱས་མཐུན་ཚོགས་དང་། མགོ་ལོག་ཁུལ་འབྲིའི་འོ་མའི་མཐུན་ཚོགས་ཀྱིས་འགན་སྒྲུབ་མཛད་པ། དར་ལག་རྫོང་དབང་ཆེན་འབུམ་པ་རིག་གནས་འཕེལ་རྒྱས་ཚད་ཡོད་མཐུན་གཉེར་ཁང་དང་མགོ་ལོག་གངས་ལྗོངས་ཞིང་ཕྱུགས་ཆེད་ལས་མཉམ་སྒྲུབ་ཚོང་སྡེ། རྨ་སྟོད་སྟོང་རི་མཚོ་ནག་ཁྱད་ལྡན་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་མཐུན་གཉེར་ཁང་བཅས་ཀྱིས་རོགས་སྒྲུབ་མཛད་པའི་མི་རིགས་མཐུན་སྒྲིལ་ཁེ་ལས་སུ་སྤེལ་བ་དང་མཐོ་སྒང་ཞིང་ཕྱུགས་ཆེད་ལས་མཉམ་སྒྲུབ་ཚོང་སྡེའི་དཔལ་འབྱོར་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གཉིས་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཨ་མྱེས་རྨ་ཆེན་རིག་གནས་སྐྱེ་ཁམས་གླིང་དུ་འཚོགས།

མགོ་ལོག་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཆི་ལེ་ཐིང་གིས་གཏམ་བཤད་གནང་བཞིན་པའི་ཚུལ།
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་ནང་སོག་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧེ་སན་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལོའུ་སན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་དོན་གྲུབ། ཨ་རོ་བོད་པའི་ཚོང་རྟགས་གསར་གཏོད་པ་པད་མ་དབང་ཆེན་གཙོས་ཆེད་མཁས་པ་དང་སྤྱི་ཚོགས་དཔྱད་བརྗོད་པ། རྩོམ་པ་པོ་དང་གསར་འགོད་པ་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་མི་སྣ་མང་པོ་ཞུགས་ཡོད་པ་མ་ཟད། ནང་སོག་དང་ཡོན་ནན། སི་ཁྲོན། ཀན་སུའུ། བོད་ལྗོངས། མགོ་ལོག་དང་ཡུལ་ཤུལ། མཚོ་ལྷོ། རྨ་ལྷོ། མཚོ་བྱང་། མཚོ་ནུབ་སོགས་ཀྱི་མཉམ་སྒྲུབ་ཚོང་སྡེ་དང་ཁེ་ལས་པ་ཁྱོན་བསྡོམས200ལྷག་ཚོགས་ཞུགས་གནང་སྟེ་བསྟུད་མར་ཉིན་གསུམ་ལ་ཐོན་ཁུངས་མཉམ་སྤྱོད་ཐད་བགྲོ་གླེང་དང་བརྗེ་རེས་བྱེད་རྒྱུ་རེད།

ཚོགས་རའི་ཡུལ་དངོས།
བགྲོ་གླེང་ཚོགས་འདུའི་སྟེང་མི་རིགས་མཐུན་སྒྲིལ་གཙོར་བཟུང་སྟེ། ཞིང་ཕྱུགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་དང་ཞིང་ཕྱུགས་དང་འབྲེལ་པའི་ཁེ་ལས་འཐུས་ཚབ་པ་གདན་གཅིག་ཏུ་འཛོམས་ནས་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་དང་ཞིང་ཕྱུགས་ཐོན་རྫས་ཐོད་སྐྱེད་ཉོ་འཚོང་སྦྲེལ་མཐུད། ཚོང་གཉེར་རྣམ་པ་གསར་གཏོད་འཕེལ་རྒྱས་ཐད་བརྗེ་རེས་དང་བགྲོ་གླེང་མཛད།

ཚོགས་རའི་ཡུལ་དངོས།
ཐོན་སྐྱེད་ཀྱིས་མཐུན་སྒྲིལ་ལ་སྐུལ་འདེད་དང་མཉམ་འབྲེལ་གྱིས་ཐུན་མོང་ཕྱུགས་འགྱུར་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་ར་གཙོ་བོས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ལ་ཤུགས་བསྣན་ནས་ཐོན་ཁུངས་མཉམ་སྤྱོད་དང་ཉིས་ཕན་མཉམ་རྒྱལ་གྱི་མཉམ་འབྲེལ་སྟེགས་བུ་བསྐྲུན་པར་ཁྲིད་སྟོན་བྱེད་པ། ཁེ་ལས་དང་མཉམ་ལས་ཁང་གི་མཉམ་འབྲེལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཏེ། མཐོ་སྒང་གི་ཞིང་ཕྱུགས་ཐོན་ལས་སྤུས་ལེགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་བྱེད་པར་སྣེ་ཁྲིད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཐོ་སྒང་གི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱིས་ཕན་ཚུན་ལ་མཐུན་རྐྱེན་སྦྱོར་པར་སྐུལ་འདེད་བྱས་སོ། །

ཚོགས་རའི་ཡུལ་དངོས།

ཚོགས་རའི་ཡུལ་དངོས།

ཡུལ་དངོས་ཀྱི་ཐོན་རྫས་འགྲེམ་སྟོན།

ཡུལ་དངོས་ཀྱི་ཐོན་རྫས་འགྲེམ་སྟོན།

ཡུལ་དངོས་ཀྱི་ཐོན་རྫས་འགྲེམ་སྟོན།

ཡུལ་དངོས་ཀྱི་ཐོན་རྫས་འགྲེམ་སྟོན།

ཡུལ་དངོས་ཀྱི་ཐོན་རྫས་འགྲེམ་སྟོན།

ཡུལ་དངོས་ཀྱི་ཐོན་རྫས་འགྲེམ་སྟོན།

ཡུལ་དངོས་ཀྱི་འགྲེམ་སྟོན་ལ་གཟིགས་བཞིན་པའི་ཚུལ།

ཡུལ་དངོས་ཀྱི་འགྲེམ་སྟོན་ལ་གཟིགས་བཞིན་པའི་ཚུལ།

ཚོགས་ཞུགས་སྐུ་མགྲོན་གྱི་མཉམ་པར།