“དམར་པོའི་སྒུལ་ཤུགས”བསླངས་ནས་གཞི་རིམ་ལེགས་སྐྱོང་ཐད་ནུས་པ་འདོན་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

རྒྱལ་ཡོངས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་བཀོད་སྒྲིག་ཆ་ཚང་བྱས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཏང་འཛུགས་སྐྲུན་གྱི་ལེའུ་ཡིན་པ་ཁ་གསལ་པོ་བྱས་ཡོད་ལ། “རྒྱུན་འཁྱོངས་བཅུ་བཞི”ལ་བརྟེན་ནས་མ་ལག་ཆ་ཚང་ཞིག་བཙུགས་ཏེ་དུས་རབས་གསར་པའི་གཞི་རིམ་ཏང་འཛུགས་སྐྲུན་གྱི་བྱ་བའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། གཞི་རིམ་ནི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་མདུན་གྲལ་གྱི་གཡུལ་ས་ཡིན་པས། རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པས་ངེས་པར་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཟབ་སྦྱོང་མཐིལ་རྟོགས་དང་ལག་ལེན་དངོས་སྒྲུབ་བྱེད་པ་དང་། ཏང་འཛུགས་སྐྲུན་གྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ཞིང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་གི་སྤུས་འདེགས་ནུས་འཕར་ལ་སྣེ་ཁྲིད་བྱེད་དགོས།

ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་དགོངས་པའི་དམིགས་འབེན་དང་བརྗོད་དོན་གསལ་པོ་ཡིན་པ་དང་། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་དེ་ལ་ཤུགས་སྣོན་པ་ནི་ཆེས་མཐོའི་རྩ་དོན་ཡིན་ལ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་སྤྱི་འདོམས་སུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ལྟེ་བའི་བླང་བྱ་ཡིན། གཞི་རིམ་ཏང་རྩ་འཛུགས་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“མཇུག་མཐའི་སྤྱི་ལེ་གཅིག”ཡིན་པས། ཆབ་སྲིད་ལ་དོ་སྣང་བྱེད་པ་དེ་ངེས་པར་དུ་གོ་གནས་དང་པོར་འཇོག་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་བརྗོད་དོན་ཏང་གི་ཉིན་མོའི་ནང་དོན་གཙོ་བོའི་ཁྲོད་འཇོག་པ་དང་། མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། གཞུང་ལུགས་རྟོགས་པ་བཅས་རྒྱུན་འཁྱོངས་བྱེད་པ། “རྒྱུན་འཁྱོངས་བཅུ་བཞི”ཡི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་ཆུད་པར་བྱས་ཏེ། དེའི་ཁྲོད་འདུས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ལ་གོ་བ་ཟབ་མོ་ལེན་དགོས། གནས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་ཁ་ཤས་ལག་བསྟར་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཇེ་དམ་དུ་གཏོང་བ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་། ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་གཞི་རིམ་གྱི་མི་འདེམས་མི་བཀོལ་དང་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཆབ་སྲིད་བྱང་ཚད་ཀྱི་རྟོག་ཞིབ་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གཞི་རིམ་དུ་ཇི་མ་ཇི་བཞིན་ངང་དོན་འཁྱོལ་བྱེད་པར་ཁག་ཐེག་བྱ་དགོས།

གོང་འོག་སྦྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་དགོངས་པའི་ནང་དོན་གལ་ཆེན་ཞིག་ཡིན། གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་ཕུང་པོའི“དབང་རྩའི་མཇུག་སྣེ”ཡིན་པས། རྩ་འཛུགས་སྟོབས་དང་ལྡན་ན་སྲིད་སྐྱོང་གི་རྨང་གཞི་བརྟན། གཞི་རིམ་ལེགས་འཛིན་གྱི་ཁྲིད་ཕྱོགས་མངོན་གསལ་རྒྱུན་འཁྱོངས་བྱེད་ན། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལ་དམིགས་ནས། ཁོངས་ཡོངས་སུ་ཞིང་སྡེ་དང་སྡེ་ཁུལ། ལས་ཁུངས། ལས་རྣམ་གསར་པ་དང་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་ཀྲི་པུའུ་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ་དང་། ཉམས་ཞན་ལྷོད་གཡེང་གི་གཞི་རིམ་ཏང་རྩ་འཛུགས་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པ། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་གཡུལ་སའི་ཐོན་ཁུངས་སྐུལ་སྤེལ་བཅས་བྱས་ཏེ། མཁྲེགས་ཆས་ལ་མཐོང་ཆེན་དང་ཕན་འབྲས་ལ་སྣང་ཆུང་བྱེད་པའི་རྣམ་པ་ཅན་གྱི་ཏང་འཛུགས་སྐྲུན་མཐའ་གཅིག་ཏུ་མེད་པར་གཏོང་དགོས། ཏང་ཡོན་གྱི་དུས་འཁོར་ཧྲིལ་པོའི་སློབ་གསོ་དོ་དམ་དོན་འཁྱོལ་ནན་པོ་བྱེད་པ་དང་། ཏང་ཡོན་འཕེལ་རྒྱས་ཀྱི་འགག་སྒོ་བརྟན་སྲུང་བྱེད་པ། ཏང་ཡོན་རྩ་འཛུགས་བྱས་ནས་ཞབས་ཞུ་དོ་དམ་ས་ཚིགས་དང་ཞིང་ཁར་བསྐྱོད་པ་དང་། གྲོང་གསེབ་དར་སྤེལ་དང་འགལ་རྩོད་འདུམ་གཅོད། འཕྲལ་བསྟུན་ཞབས་ཞུ་བཅས་ཀྱི་འཐབ་ཕྱོགས་དང་པོར་སོང་ནས་ཐོབ་ཐང་སྟོན་པ་དང་དམ་བཅའ་ལག་བསྟར་བྱེད་དགོས།“ཏང་ཀྲི་པུའུ་བརྒྱ་ཤོག་ཏུ་འཛུགས་པའི”སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་། གོང་འོག་མཉམ་འགུལ་དང་མཐུན་སྦྱོར་ཤུགས་འདོན་གྱི་རྩ་འཛུགས་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཚགས་དམ་པའི་རྩ་འཛུགས་མ་ལག་གི་དགེ་མཚན་དེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ཏེ། མང་ཚོགས་དཀའ་ཁག་ལ་འཕྲད་དུས་རྩ་འཛུགས་འཚོལ་བ་དང་དཀའ་ངལ་སེལ་སྐབས་ཏང་ཡོན་ལ་བརྟེན་ཐུབ་པ་བྱེད་དགོས།

ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་མཐའ་མཇུག་གི་དམིགས་ཡུལ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་པ་དང་། མང་ཚོགས་བློ་ཡིད་ཚིམ་མིན་ནི་ཏང་འཛུགས་སྐྲུན་བྱ་བའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི“གསེར་རྡོ”ལྟ་བུ་ཡིན་པས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་གཞི་རིམ་བཅོས་སྐྱོང་གི་གཞི་འཛིན་ས་དང་རྐང་འཛུགས་སར་བྱེད་དགོས། “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་ལག་ལེན་གཏིང་ཟབ་བྱེད་པ་དང་། “འཐབ་ཕྱོགས་དང་པོའི་བྱ་བ་སྒྲུབ་སྟངས”ཁྱབ་གདལ་གཏོང་བ། ཏང་ཡོན་ལས་བྱེད་པ་རྒྱུན་རྣམ་ཅན་དུ་སྡེ་ཁུལ་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་བ། “ཞུ་གཏུག་དང་ལེན་བྱས་མ་ཐག་མྱུར་དུ་སྒྲུབ་པ”དང“དམངས་དོན་ཟབ་གླེང”སོགས་ཀྱི་བྱེད་སྒོ་སྤེལ་ནས། འཐབ་ཕྱོགས་དང་པོར་སྐྱོད་པ་དང་མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས། མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་རེ”ལ་དམིགས་ནས། དམངས་འཚོའི་ལས་གཞིའི་ཞིབ་ཐོ་བཟོ་བ་དང་། མང་ཚོགས་ཀྱི“འགག་རྩའི་དོན་ཆུང”དེ་རང་ཉིད་ཀྱི“དོན་ཆེན”དུ་བརྩིས་ནས། སེམས་ཤུགས་ཡོད་རྒུས་ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ་སོགས་དམངས་འཚོའི་དཀའ་གནད་ཐག་གཅོད་ཡག་པོ་བྱེད་དགོས། ཞབས་ཞུའི་ཐེག་བྱད་གསར་གཏོད་བྱེད་པ་དང་། “ཏང་འཛུགས་སྐྲུན+དང་བླངས་ཞབས་ཞུ”ཡི་མ་དཔེ་གཏིང་ཟབ་ཏུ་གཏོང་བ་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ལ་བརྟེན་ནས“ཏང་ཡོན་དཔེ་སྟོན་ལས་གནས”དང“ཚབ་སྒྲུབ་ཞབས་ཞུའི་ས་གནས”འཛུགས་པ།“སྒེའུ་ཁུང་གཅིག་ནས་བདག་སྤྲོད་དང་ས་ཚིགས་གཅིག་ནས་ཞབས་ཞུ་སྒྲུབ་པ”ཁྱབ་གདལ་གཏོང་བ། ཞབས་ཞུ་མང་ཚོགས་ཀྱི་སེམས་ཁོང་དུ་སྐྱེལ་བ་དང་། ཏང་ཡོན་ལས་བྱེད་པའི“དཀའ་ཚེགས་སྟོན་གྲངས”དེ་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”སུ་བརྗེ་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།