ཟླ9པའི་ཚེས17ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བསམ་བློ་ཆབ་སྲིད་བྱ་བའི་བཞུགས་མོལ་བརྗེ་རེས་ཚོགས་འདུ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་ཆབ་སྲིད་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཉེ་བའི་ལོ་འགའི་རིང་གི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བསམ་བློ་ཆབ་སྲིད་བྱ་བ་བསྒྲུབ་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་དང་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།
ཚོགས་འདུ་ལས་བསྟན་དོན། མིག་སྔར་བསམ་བློ་སྲུང་འཛིན་དང་དཔུང་སྡེ་བརྟན་བརླིང་། སྤྱོད་ཚུལ་ལེགས་སྒྱུར་བཅས་ནི་སྔོན་གྱི་དུས་སྐབས་གང་རུང་དང་བསྡུར་ན་སྔར་ལས་དགོས་གལ་ཆེ། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་རྒྱུན་རྣམ་སྐུལ་འདེད་དང་གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུ་སྔར་ལས་ཟབ་སྤེལ་བྱས་ཤིང་། ཏང་ཡོན་ལས་བྱེད་པས་བསམ་བློ་བརྟན་པོ་དང་སྤྱོད་ཚུལ་དངོས་གཉེར། རྣམ་འགྱུར་ལེགས་པོ་བཅས་ཡིན་པས། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་བ་དང་། ལས་ཁུངས་ཀྱི་སྣང་ཚུལ་བསྟུད་མར་ཇེ་ལེགས་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཉིན་རེར་ཇེ་བཟང་དུ་གྱུར་སྟབས། ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་སྔར་ལས་མངོན་གསལ་ཡིན།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཞིགས་ནས་ཆེད་དམིགས་ཞིབ་སློབ་བྱེད་པ་དང་། བསམ་བློ་སྤྱོད་ཚུལ་གྱི་གནད་དོན་ལ་དམ་པོར་དམིགས་ཏེ། རྒྱུན་རྣམ་ཅན་གྱིས་ཉེན་བརྡའི་སློབ་གསོ་སྤེལ་བ་དང་། གཞི་རིམ་གྱི་ཁུར་པོ་བསྟུད་མར་ཇེ་ཡང་དུ་གཏོང་དགོས། རིམ་དབྱེ་རིགས་དབྱེའི་ཐབས་ཇུས་ལག་བསྟར་བྱེད་པ་དང་། ཕན་ཚུན་ཁ་བརྡ་དང་གྲོས་མོལ་བྱེད་པའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ། བསམ་བློ་ཆབ་སྲིད་ནི་ཚྭ་བཞིན་དུ་ལས་རིགས་སོ་སོའི་ཁྲོད་འདྲེས་པ་རྒྱུན་འཁྱོངས་བྱས་ནས། མིང་དོན་མི་མཚུངས་པའི་བྱེད་ཐབས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཏང་ཡོན་ལས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་གནས་ཚུལ་དབྱེ་ཞིབ་སྙན་ཞུའི་བྱ་བའི་མཛུབ་སྟོན་དངོས་འབེབས་བྱས་ནས། གནད་དོན་གྲལ་བཤེར་དང་དབྱེ་ཞིབ་སྙན་ཞུ། ལེགས་བཅོས་རྟགས་འགོད། མཇུག་འབྲས་བེད་སྤྱོད་བཅས་ཀྱི་གདུབ་སུམ་དོ་དམ་བྱེད་དགོས།
ཚོགས་འདུའི་སྟེང་། སྲོལ་ཡིག་བསྟུད་མར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ལས་ཁུངས་དང་ལས་དོན་སྡེ་ཁག་གི་བསམ་བློ་ཆབ་སྲིད་བྱ་བའི་བགྲོ་གླེང་བརྗེ་རེས་ཚོགས་འདུ་སྐབས་དང་པོའི་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པ། ལས་ཁུངས་ཀྱི་བསམ་བློ་ཆབ་སྲིད་ཆེན་མོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ལ། ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ནས། བསམ་བློ་ཆབ་སྲིད་ཀྱི་བྱ་བ་སྣ་ཚོགས་ཞིབ་ཕྲའི་ངང་ལེགས་པར་བསྒྲུབ་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བྱ་བ་སྣ་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།