རྨ་ལྷོ་ཁུལ་གྱིས་ཚད་གཞི་མཐོ་བའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ9པའི་ཚེས14ཉིན་བར་དུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བསྐྲུན་པའི་ཞིང་ཆེན་ཡོངས་ཀྱི་ཚད་གཞི་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་གྲོང་ཁྱེར་དང་ཁུལ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཐོག་མ་དེས། བསྡོམས་རྩིས་བྱས་ན་ཞིང་ཆེན་ཕྱི་ནང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས1340ལ་སྣེ་ལེན་བྱས་པ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་མི་ཐེངས39374ལ་ཞབས་འདེགས་ཞུས་ཡོད་ལ། ཞིང་ཆེན་རིམ་པའི“ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་མཉམ་སྤྱོད་གཡུལ་སའི”མཚན་སྙན་ཐོབ་ནས། ཏང་ཡོན་དང་མང་ཚོགས་ཡོང་འདོད་པ་དང་ཡོང་རྒྱུར་དགའ་བ། ཡོང་བར་རེ་བ་བཅས་བྱེད་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད།

རྨ་ལྷོ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་གསར་བརྗེའི་སློབ་གསོའི་རྟེན་གཞི་རུ། ཏང་གི་ལོ་རྒྱུས་སློབ་གསོ་ཁང་དང་ཉམས་ལེན་ཁང་སོགས་བྱེད་ནུས་ཁུལ17བཙུགས་ཡོད་པ་དང་། དུས་ཐེངས་གཉིས་པའི་སེ་འབྲུ་ཁྱིམ་གཞིས་ཀྱིས་ཏང་གི་སློབ་གྲྭ་ཆུང་གྲས་དང་མི་དམངས་ཀྱི་གར་སྟེགས་ཆེན་པོ་སོགས་ཁྱད་ལྡན་བར་སྟོང12བསྐྲུན་ཏེ། ནུས་པ་ཕན་ཚུན་གསབ་རེས་བྱེད་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་ཞིག་གྲུབ་ཡོད། ས་གནས་དེ་གའི་རྩ་འཛུགས་དང་འཕེལ་རྒྱས་བཅོས་སྒྱུར། ནོར་སྲིད་སོགས་སྡེ་ཁག་མང་པོས་མཉམ་དུ་ལས་གཞི་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། དཔེ་མཚོན་གཡུལ་ས་ལ་བརྟེན་ནས་ཁུལ་དང་རྫོང་། ཞང་། སྡེ་བ་བཅས་ཀྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་གཡུལ་སའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་པའི་དུས་མཚུངས་སུ།  ཏང་གི་བརྗོད་དོན་ཉིན་མོའི་བྱེད་སྒོའི་རྣམ་པ་གསར་བརྗེ་བྱས་ནས། “མངགས་ཐོའི་རྣམ་པའི”རྩ་འཛུགས་འཚོ་བའི་ཇུས་གཞི་རིགས49བཏོན་ཡོད།

ཕྱོགས་བསྡུས་རང་བཞིན་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཡིན་པའི་རྨ་ལྷོ་ཁུལ་གྱིས། བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས། འཇོན་མི་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། “མང་ཚོགས་ཀྱི་ཁྱིམ་གཞི”བསྐྲུན་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་དྲིལ་སྒྲོག་སློབ་གསོ། མང་ཚོགས་ལ་གཅེས་སྐྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས།  “སྤྱི་ཕན་སློབ་ཁྲིད་ཁང”གི་སྤུས་རྟགས་སྔར་ལས་སྟོབས་ལྡན་དུ་བཏང་སྟེ། ཆེད་མཁས་པ་དང་ཁེ་ལས་པ་གདན་དྲངས་ནས་འཆད་ཁྲིད་ཐེངས27བྱས་པ་དང་། རིག་རྩལ་དང་ཡིག་གཟུགས་རི་མོ། མཛའ་འབྲེལ་སོགས་བྱེད་སྒོ་སྣ་ཚོགས་ཐེངས300ལྷག་སྤེལ་ཡོད། གཡུལ་སར་བརྟེན་ནས་ཏང་ཡོན་སྲིད་ཇུས་དྲིལ་སྒྲོག་དང་འགལ་བ་འདུམ་འགྲིག་སོགས་ཀྱི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། རྩ་འཛུགས་ཀྱི་ལེགས་ཆ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ནས། ཏང་དང་མང་ཚོགས་བར་བསམ་པ་གཅིག་མཐུན་དང་མཉམ་སྐྲུན། མཉམ་བཅོས་བཅས་ཀྱི་རྣམ་པ་གྲུབ་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།